ཀྲུང་གོ་དང་ཨེ་ཡོབ་འགྲེམས་ཚོགས་ཀྱི“གྲོགས་ཚོགས”མང་དུ་ཕྱིན་པ།

འདི་ནི་ཟླ་6ཚེས་25ཉིན་ཀྲུང་གོ་དང་ཨེ་ཡོབ་འགྲེམས་ཚོགས་སྐབས་དགུ་པའི་ཐོག བྷེ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲེམས་གནས་ཀྱི་ལས་དོན་པས་བརྙན་ཐུང་བཟོ་བཞིན་པ།
ཀྲུང་གོ་དང་ཨེ་ཡོབ་འགྲེམས་ཚོགས་སྐབས་དགུ་པ་ཟླ་6ཚེས་25ཉིན་ནས་ཚེས་29ཉིན་བར་ཝུའུ་ལུའུ་མུའུ་ཆི་རུ་གཉེར་བ་དང་། ད་ཐེངས་ཀྱི་འགྲེམས་ཚོགས་སུ་སྐུ་མགྲོན་མང་པོ་འདུས་ཤིང་། ཁྱོན་རྒྱལ་ཁབ་དང་ས་ཁུལ་49དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད། དེའི་ཁྲོད་རྒྱལ་ཁབ་དང་ས་ཁུལ་27འགྲེམས་ཚོགས་ལ་ཞུགས་ཡོད་པ་མ་ཟད་འགྲེམས་ཁང་ཡང་བཙུགས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་ཁེ་ལས་དང་སྒྲིག་གཞི་3000ལྷག་ཙམ་ཡོད་པ་དེ་ཐོག་ནས་ཨེ་ཤེ་ཡ་དང་ཡོ་རོབ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།