ནང་འདྲེན་འགྲེམས་ཚོགས་ཀྱི་འོས་སྦྱོར་ཚོགས་འདུས་ཀྲུང་གོ་དང་ཧྥ་རན་སེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་མཐོ་རིམ་སྤོར་ལ་དོ་ཁུར་བྱས་པ།

ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཧྥ་རན་སེའི་འོས་སྦྱོར་བཞུགས་མོལ་ཚོགས་འདུ་ཟླ་6ཚེས་24ཉིན་དང་ཚེས་26ཉིན་ཧྥ་རན་སེའི་ཕ་རི་སི་དང་ལི་ཨང་དུ་འཚོགས་པ་རེད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་སྒྲིག་གཞི་དང་། ཚོང་ཚོགས་དང་མཐུན་ཚོགས། ཁེ་ལས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་བས་ཟབ་ཏུ་འགྲོ་བའི་ཐད་སྤེལ་རེས་བྱས་ཤིང་། འདི་ནི་ཟླ་6ཚེས་24ཉིན་ཧྥ་རན་སེའི་ཕ་རི་སི་ནས་པར་བརྒྱབ་པའི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།