དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཕུལ་བྱུང་འགུལ་རིས་བརྩམས་ཆོས་ཧྥ་རན་སེའི་ཨཱ་ནེ་ཤི་རྒྱལ་སྤྱིའི་འགུལ་རིས་གློག་བརྙན་དུས་ཆེན་གྱི་ཉོ་ཚོང་ཁྲོམ་རར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-30

    འདི་ནི་ཟླ་6ཚེས་25ཉིན། ཧྥ་རན་སེའི་ཨཱ་ནེ་ཤི་རུ་མི་རྣམས་ཀྱིས་2026ལོའི་ཧྥ་རན་སེའི་ཨཱ་ནེ་ཤི་རྒྱལ་སྤྱིའི་འགུལ་རིས་གློག་བརྙན་དུས་ཆེན་གྱི་ཉོ་ཚོང་ཁྲོམ་རའི་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་སུ་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ།

    ཉེ་ཆར། “ཤར་ཕྱོགས་ཀྱི་མཛེས་རིག་རྩད་འཚོལ། མཐུན་སྒྲིལ་དང་མཛའ་གཅུཌ་མཉམ་གནས”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་2026ལོའི་ཧྥ་རན་སེའི་ཨཱ་ནེ་ཤི་རྒྱལ་སྤྱིའི་འགུལ་རིས་གློག་བརྙན་དུས་ཆེན་གྱི་ཉོ་ཚོང་ཁྲོམ་རར་ཞུགས་ཤིང་། དེའི་རིང་ཀྲུང་གོའི་ཕུལ་བྱུང་འགུལ་རིས་འོས་སྦྱོར་ཚོགས་འདུ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཐོན་འགུལ་རིས་ཀྱི་གསར་གཏོད་ནུས་པ་གང་ལེགས་ངོམ་པ་མ་ཟད་ཀྲུང་གོ་དང་ཕྱི་རྒྱལ་གྱི་འགུལ་རིས་དབར་གླེང་མོལ་དང་མཉམ་ལས་ཀྱི་འབྲེལ་ཟམ་སྐྲུན་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།