དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱི་འཐུས་མིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐོག་ཐུན་མོང་གཏམ་བཤད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-30

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཅཱ་ཀུའེ་ཏེ་ཡིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གཉིས་པའི་ཐོག་རྒྱལ་ཁབ་20ཙམ་གྱི་ཚབ་ཞུས་ཏེ་ཐུན་མོང་གཏམ་བཤད་སྤེལ་ཏེ། “ངལ་རྩོལ་བཙན་སྐུལ”གྱི་མིང་ཐོག་ནས་སྒོ་ཁྲལ་རང་དགར་བསྡུ་བའི་ཕྱོགས་རྐྱང་པའི་ཧམ་ཤེད་སྤྱོད་ངན་ལ་མཚང་འབྱིན་དང་དགག་པ་བརྒྱབ་པ་རེད།

    ཐུན་མོང་གཏམ་བཤད་ནང་། དབུལ་ཕོངས་མེད་པར་བཟོ་བར་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ངལ་རྩོལ་དབང་ཆ་དང་འཕེལ་རྒྱས་དབང་ཆར་འགན་སྲུང་བྱེད་དགོས། ང་ཚོས“ངལ་རྩོལ་བཙན་སྐུལ”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་དུས་མཚུངས། རྒྱལ་ཁབ་ག་གེ་མོས་རྒྱལ་ནང་གི་བཅའ་ཁྲིམས་གང་བྱུང་དུ་སྤྱད་དེ་ཕྱོགས་རྐྱང་པའི་སྒོ་ནས་དཔལ་འབྱོར་སྡེ་གཞི་གཞན་དག་གིས“ངལ་རྩོལ་བཙན་སྐུལ་གྱི་ཐོན་རྫས་ནང་འདྲེན་བྱེད་མི་ཆོག་པའི་བྱ་ཐབས”དོན་འཁྱོལ་ནུས་ལྡན་དང་ལག་བསྟར་བྱས་མེད་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་པ་མ་ཟད། དེར་ཁ་གཡར་ནས་སྒོ་ཁྲལ་འཕར་མ་བསྡུ་བར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས“ངལ་རྩོལ་བཙན་སྐུལ”ལ་ཁ་གཡར་ནས་སྒོ་ཁྲལ་རང་དགར་བསྡུ་བའི་དོན་དངོས་དེས་བརྩི་མཐོང་ཡོད་པའི་སྒོ་ནས་ངལ་རྩོལ་བྱེད་པའི་རྒྱལ་ཁབ་ཁག་གི་ངལ་རྩོལ་པའི་ཁེ་དབང་དང་འཕེལ་རྒྱས་ཀྱི་དབང་ཆར་གནོད་འཚེ་གཏོང་བ་དང་། གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་བརྟན་པོ་ཡོང་བར་འགོག་རྐྱེན་བཟོ་བ། དབུལ་ཕོངས་མེད་པར་བཟོ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབད་བརྩོན་ལ་གཏོར་བཤིག་གཏོང་བ་བཅས་ལས་མ་འདས་ཅེས་བསྟན་པ་དང་། ཐུན་མོང་གཏམ་བཤད་ནང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བརྩི་འཇོག་བྱས་ཏེ། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་འགྲོ་བ་མིའི་ཐོབ་ཐང་གི་གྲོས་དོན་གོ་མཚོན་ཅན་དུ་འགྱུར་མཚམས་བཞག་ནས། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་ལམ་བསྲུངས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དབུལ་ཕོངས་ཉུང་གཏོང་གི་འཕེལ་རིམ་ལ་རམ་འདེགས་བྱེད་དགོས་པའི་སྐུལ་འདེབས་བྱས་པ་རེད།

    ཐུན་མོང་གཏམ་བཤད་ལ་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཅིང་། ཨུ་རུ་སུ་དང་། ཕ་ཁི་སི་ཐན། ཁུ་པ། ཝེ་ནེ་ཙུའེ་ལ། སུའུ་ཏན། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་མང་པོ་ཐུན་མོང་གཏམ་བཤད་ནང་ཞུགས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གཏམ་བཤད་ཧུར་ཐག་སྤེལ་ཏེ་གཞོགས་འདེགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།