མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་རིང“མཚོ་སྔོན་གྱི་གཏམ་རྒྱུད”འོས་སྦྱོར་བྱེད་སྒོ་རི་ནེ་ཝ་རུ་སྤེལ་བ།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གཉིས་པའི་རིང་། རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་སུའེ་ཙེར་གྱི་རི་ནེ་ཝའི་དབན་གོ་ཕོ་བྲང་དུ“རང་བྱུང་དང་མི་ཆོས་རིག་གནས་མཉམ་འདྲེས། མི་རིགས་མང་པོ་འཆམ་མཐུན་མཉམ་གནས”ཀྱི་མཚོ་སྔོན་གྱི་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད།
མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲི་ཝ་ལུའོ་ཝ་ཡ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལུའོ་ཏུང་ཁྲོན། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཅཱ་ཀུའེ་ཏེ་བཅས་ཀྱིས་ཤིས་ཚིག་བསྒྲོན་པ་རེད། རྒྱལ་ཁབ་མང་པོའི་རྒྱུན་སྡོད་འཐུས་མི་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་མི་200ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གཉིས་པ་ནི་ཟླ་6ཚེས་15ཉིན་ནས་ཟླ་7ཚེས་7ཉིན་བར་སུའེ་ཙེར་གྱི་རི་ནེ་ཝར་འཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་གླེང་གཞི་མང་པོར་དམིགས་ནས་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད། ལས་ཁུངས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་47ལས་གྲུབ་པ་དང་། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འགན་འཁུར་བཞིན་ཡོད་ཅིང་། 2006ལོར་བཙུགས་ཚུན་ལོ་ལྟར་ཚོགས་འདུ་ཐེངས་གསུམ་འཚོག་གི་ཡོད།
འབྲེལ་ཡོད་གསར་འགྱུར།