ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཧེ་ཧྲན་ལྷོ་བྱང་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་གཉིས་པ་དངོས་སུ་ལས་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཧེ་ཧྲན་གྱི་གྲོང་ཁྱེར་ཧེ་ལ་ཤིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཧེ་ཧྲན་ལྷོ་བྱང་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་གཉིས་པ(མཱ་ཐའེ་ཧྲེ་ཝོ་ནས་ཨན་ཏེ་ལི་དབྱེ་ཝེ་ཁྲ་བར་གྱི་ལམ་དུམ)སྐྲུན་འགོ་ཚུགས་པའི་མཛད་སྒོ་ཧེ་ཧྲན་གྱི་ཧེ་ལ་ཤིན་གྲོང་ཁྱེར་དུ་འཚོགས་ཤིང་། ཧེ་ཧྲན་གྱི་ཙུང་ཐུང་སྨི་ལཱ་ཐོ་ཝེ་ཆི་དང་། ཙུང་ལི་སི་ཕ་དབྱི་ཆི། དེ་བཞིན་ཧེ་ཧྲན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཧྥུང་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཧེ་ཧྲན་གྱི་ལྷོ་བྱུང་མྱུར་བགྲོད་གཞུང་ལམ་རྣམ་གྲངས་དེ་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་པའར་ཁེ་ནས་བྱང་ཕྱོགས་ཀྱི་ཧེ་ཧྲན་དང་སར་པི་ཡའི་མཐའ་མཚམས་གྲོང་ཁྱེར་པུའོ་ལི་ཡ་ལེ་བར་ཡིན་པ་དང་ཁྱོན་རིང་ཚད་སྤྱི་ལེ་180ཙམ་ཡོད། ད་ཐེངས་སྐྲུན་བཞིན་པའི་མཱ་ཐའེ་ཧྲེ་ཝོ་ནས་ཨན་ཏེ་ལི་དབྱེ་ཝེ་ཁྲ་བར་གྱི་ལམ་དུམ་ཧྲིལ་པོར་རིང་ཚད་སྤྱི་ལེ་22ཡོད་པ་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་གཉེར་སྒྲིག་གཞིའི་སྐྲུན་འགན་ཁུར་བ་དང་། རྣམ་གྲངས་ལ་ཁྱོན་ཡོ་སྒོར་དུང་ཕྱུར་6.94བཏང་ཡོད་པ་རེད། དེ་ནི་ཧེ་ཧྲན་གྱི་མིག་སྔའི་གཞི་ཁྱོན་ཆེ་ཤོས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།