དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་ལོ་སྟོད་དུ་ནགས་བཟོའི་སྡོང་ཕྲུག་རྐང་དུང་ཕྱུར་2.6ལ་བསྐྱར་བཤེར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-30

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་22ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཡུལ་གྱི་སྡོང་ཕྲུག་མུའུ་ཁྲི་3.134ལ་ནད་བཤེར་བྱས་ཤིང་། སྡོང་ཕྲུག་རྐང་དུང་ཕྱུར་1.03གཏོང་འདྲེན་ནད་བཤེར་བྱས་པ་དང་སྡོང་ཕྲུག་རྐང་དུང་ཕྱུར་2.62ལ་བསྐྱར་བཤེར་བྱས་པ་རེད།

    འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས“ལྗང་ཕུབ་2026”ཞེས་པའི་རྩི་ཤིང་གི་རིམས་ནད་བརྟག་བཤེར་ཁྲིམས་སྒྱུར་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་ཐང་ཤིང་གི་སྐུད་སྲིན་ནད་དང་། ཨ་རིའི་འབུ་མེ་ལྕེབ་དཀར་པོ། གྲོག་མ་དམར་པོ་སོགས་ཕྱི་ནས་ཡོང་བ་དང་དེ་བཞིན་ཡུལ་དེ་གའི་ནགས་ཚལ་དང་རྩྭ་ཐང་ལ་གནོད་པའི་སྐྱེ་དངོས་མཆེད་རྒྱུ་སྔོན་འགོག་ནུས་ལྡན་བྱས་ཡོད། དེའི་རིང་ས་ཁོངས་ལས་བརྒལ་བ་དང་སྡེ་ཚན་དབར་གྱི་རོགས་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཐོག་སྔོ་འགྱུར་སྡོང་ཕྲུག་དང་། མེ་ཏོག ཤིང་ཆ་དང་དེ་བཞིན་ཐུམ་སྒྲིལ་རྒྱུ་ཆ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། ནད་བཤེར་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་འདོམས་ཀྱི་ཞན་ཆ་བསལ་བ་དང་ཆབས་ཅིག ཁྱིམ་མཚེས་ཞིང་ཆེན(རང་སྐྱོང་ལྗོངས)དང་། གྲོང་ཁྱེར(ཀྲོའུ) རྫོང(ཆུས)བཅས་དབར་གྱི་མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་ལས་ཀྱི་ནང་དོན་ཞིབ་ཚགས་སུ་གཏོང་བ། མཉམ་འབྲེལ་ཁྲིམས་སྒྱུར་དང་སྣོལ་སྦྲེལ་ཞིབ་བཤེར་སོགས་བྱས་ཏེ། ས་ཁོངས་དབར་མཉམ་ལས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། འབྱུང་རྩ་ནས་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་མྱུག་གསོའི་ཚན་པའི(མི་སྒེར)རྩིས་ཁྲར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་འབྲེལ། གཏོང་འདྲེན་ནད་བཤེར་དང་བསྐྱར་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནང་འདྲེན་དང་། འཁོར་རྒྱུག ལས་སྣོན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། དོ་དམ་ཚོད་འཛིན་ནན་པོ་བྱས་པ་དང་འཁོར་འབྲེལ་ཧྲིལ་པོའི་ནད་བཤེར་ལྟ་འདོམས་མ་ལག་བཙུགས་ཡོད། གཞན་ཡང་། ནད་བཤེར་བ་གསར་པ་དང་། ལས་འགན་གཅིག་ལྕོགས་འཁུར་མཁན་ནད་བཤེར་བ། ཤིང་སོན་དང་མེ་ཏོག་འདེབས་མཁན། ཤིང་ཆ་འཚོང་མཁན། ནགས་ཤིང་དང་འབྲེལ་བའི་ཨར་ལས་ཚན་པ་སོགས་ལ་དམིགས་ཏེ། ཐབས་ལམ་མང་པོ་སྤྱད་ནས་བཅའ་ཁྲིམས་ཁྲིམས་སྲོལ་དང་ལག་རྩལ་གྱི་སྒྲིག་སྲོལ་དྲིལ་བསྒྲགས་དང་གསོ་སྦྱོང་བྱས་པ་མ་ཟད། ལས་སྟེགས་སྣ་ཚོགས་གང་ལེགས་སྤྱད་དེ་རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་བརྟག་བཤེར་ལ་རང་འགུལ་ངང་གཞོགས་འདེགས་བྱ་རྒྱུའི་དྲིལ་བསྒྲགས་དང་ཁྲིད་སྟོན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།