མཚོ་སྔོན་གྱིས་མཛེས་འདོན་བྱུག་རྫས་ཐོན་ལས་ཀྱི་སྤུས་ཚད་ཀྱི་བདེ་འཇགས་རྨང་གཞི་བརྟན་དུ་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཆེད་དོན་རོགས་སྐྱོར་ལས་དོན་སྒྲུབ་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མིག་སྔར་ཞིང་ཆེན་ཡོངས་ཀྱི་མཛེས་འདོན་བྱུག་རྫས་ཐོན་སྐྱེད་ཁེ་ལས་ཀྱི་སྤུས་ཚད་དོ་དམ་མ་ལག་ལེགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་ཅིང་། ཅུས་དེས་ཕྱི་ནས་གདན་དྲངས་པའི་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་ནང་ཁུལ་གྱི་ལག་རྩལ་རྐང་འཛིན་པ་ཁེ་ལས་ཀྱི་འཐབ་ས་དང་པོར་གནད་སྨིན་རོགས་སྐྱོར་ལ་བཏང་ནས། ལྟ་འདོམས་ཀྱི་འགག་གནད་དང་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཏན་ཏིག་བསལ་ཏེ་ཞིང་ཆེན་ཡོངས་ཀྱི་མཛེས་འདོན་བྱུག་རྫས་ཐོན་ལས་ཀྱི་སྤུས་ཚད་ཀྱི་བདེ་འཇགས་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ཡོད།
སྔོན་ཚུད་ཞབས་ཞུར་གཞི་ཚུགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ཁེ་ལས་རེར་ཐབས་ཇུས་རེའི”ཁྱད་པར་ཅན་གྱི་རོགས་སྐྱོར་བྱེད་སྟངས་ཁྱབ་གདལ་བཏང་ནས། ཞབས་ཞུའི་ཚོགས་པས་མཛེས་འདོན་བྱུག་རྫས་ཐོན་སྐྱེད་ཀྱི་སྤུས་ཚད་དོ་དམ་ཚད་གཞིར་ནན་པོ་གཞིགས་པ་མ་ཟད། ཐོན་སྐྱེད་འཁོར་ཁང་དང་། མ་བཅོས་རྒྱུ་ཆའི་མཛོད་ཁང་། ཞིབ་བཤེར་ཁང་། དཔེ་ཉར་ཁང་སོགས་ཀྱི་འགག་རྩའི་ཁུལ་དུ་བསྐྱོད་དེ། མ་བཅོས་རྒྱུ་ཆ་ཞུགས་འཐུས་དང་། བརྒྱུད་རིམ་དོ་དམ་ཚོད་འཛིན། སྒྲིག་ཆས་བཀོལ་སྤྱོད་བདག་སྐྱོང་། ཐོན་རྫས་འགྲེམས་གཏོང་། རྩིས་ཁྲ་དོ་དམ་སོགས་ཀྱི་ལྷུ་ཚིགས་ལ་ཡུལ་དངོས་སུ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཡོད། མཚོ་སྔོན་གྱི་ས་གནས་དེ་གའི་ཁོར་ཡུག་གི་ཁྱད་ཆོས་དང་། ཁེ་ལས་ཀྱི་དངོས་ཡོད་ཐོན་སྐྱེད་ཆ་རྐྱེན་དང་དོ་དམ་རྨང་གཞི་ཟུང་འབྲེལ་བྱས་ནས། ཞན་ཆ་རེ་རེ་བཞིན་གསེད་བཀྲོལ་དང་། མངོན་མེད་རྐྱེན་ངན་གྱི་གསལ་ཐོ་གསལ་འགོད། ཁེ་ལས་ཀྱི་སྤུས་ཚད་ཀྱི་ད་ལྟའི་གནས་ཚུལ་གནད་སྨིན་ཇུས་འགོད་བཅས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྤུས་ཚད་མཐོར་གཏོང་གི་དག་ཐེར་ཇུས་གཞི་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།