ཧྲེན་ཀྲེན་གྱིས་སྐྱེ་ཁམས་ཟམ་པ་བསྐྲུན་ནས་རི་སྐྱེས་སྲོག་ཆགས་གནས་སྤོའི་ལམ་བུ་བཞག་པ།
ཉེ་བའི་ལོ་ཤས་རིང་ཧྲེན་ཀྲེན་གྱིས་སྤུས་ཚད་མཐོ་པོས“རི་མཚོ་མཉམ་འབྲེལ་འཆར་གཞི”ལག་བསྟར་བྱས་ནས་ཁུན་ཕེང་ལམ་བུའི་ཟམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་སྐྱེ་ཁམས་ཟམ་པ་གསུམ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ཐོག་རི་སྐྱེས་སྲོག་ཆགས་འཚོ་སྡོད་དང་གནས་སྤོ་བར་བར་མཐོངས་ངེས་ཅན་བཞག་སྟེ། མིའི་རིགས་དང་རི་སྐྱེས་སྲོག་ཆགས་དབར་ཕན་ཚུན་གནོད་པ་མི་སྐྱེལ་བ་དང་ཞི་མཐུན་མཉམ་གནས་ཀྱི་བགྲོད་ལམ་བཏོད་པ་རེད།

འདི་ནི་ཧྲེན་ཀྲེན་ཁུན་ཕེང་ལམ་བུའི་ཟམ་པ་དང་པོ་ཡིན་ཞིང་། དེ་ནི་ཧྲེན་ཀྲེན་གྱིས་ཕྱི་རོལ་དུ་སྐྱོད་སའི་རྐང་ཐང་ལམ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་སྐྱེ་ཁམས་བགྲོད་ལམ་གཞི་གཅིག་ཏུ་འདུས་པའི་ཟམ་པ་དང་པོ་ཡང་རེད།
འབྲེལ་ཡོད་གསར་འགྱུར།