དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི“རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་ཞབས་ཞུའི་ཟླ་བའི”བྱེད་སྒོ་སྐབས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    ཉེ་ཆར། “རླུང་འཕྲིན་བརྙན་འཕྲིན་གྱིས་མཐའ་མཚམས་བརྟན་དུ་གཏོང་། ལྟ་ཉན་ཐུབ་པའི་དམངས་ཕན་ཞབས་ཞུ་སྒྲུབ་པའི”བརྗོད་དོན་གཙོ་བོའི་རང་སྐྱོང་ལྗོངས་ཀྱི“རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་ཞབས་ཞུའི་ཟླ་བའི”བྱེད་སྒོ་སྐབས་གཉིས་པ་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱིས་དུས་གཅིག་ཏུ་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    འགོ་ཚུགས་མཛད་སྒོར་གཙོ་གཉེར་ཕྱོགས་ཀྱིས་ས་གནས་ས་ཐོག་ཏུ་དམངས་ཕན་ཞབས་ཞུའི་གསལ་ཐོ་ཡོངས་བསྒྲགས་བྱས་པ་དང་། མང་ཚོགས་ལ་རབ་གསལ་སྒྱུར་སྒམ་དང་སྒྲ་སྡུད་འཕྲུལ་འཁོར་སྤྲད་པ་མ་ཟད། སྲིད་ཇུས་དྲིལ་བསྒྲགས་དང་། སྒྲིག་ཆས་ཉམས་བཟོ། ལས་སྒོ་སྒྲུབ་གཉེར་བྱ་ཡུལ་གྱི་ས་ཚིགས་བཙུགས་ནས་ས་གནས་ས་ཐོག་ཏུ་ཞབས་འདེགས་ཞུས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལྟ་ཉན་གྱི་ཕྱོགས་བསྡུས་མི་འབོར་ཁེབས་ཚད་99.64%དང་99.77%སོ་སོར་ཟིན་པ་དང་། མི་རིགས་སྐད་ཀྱི་རླུང་འཕྲིན་ལེ་ཚན་སྒྱུར་བཟོ་བྱེད་ཚད་ལོར་ཆུ་ཚོད་15000ལྷག་ཙམ་དང་བརྙན་འཕྲིན་ལེ་ཚན་ལོར་སྒྱུར་བཟོ་བྱེད་ཚད་ཆུ་ཚོད་7300ཟིན་ཡོད། ལྗོངས་ཡོངས་སུ་སྐུད་ཡོད་བརྙན་འཕྲིན་དངོས་སུ་སྤྱོད་མཁན་དུད་ཚང་ཁྲི་20.11དང་། ཐད་གཏོང་སྲུང་སྐར་སྤྱོད་མཁན་དུད་ཚང་ཁྲི་62ཟིན་ཞིང་། རྫོང(ཆུས་དང་གྲོང་ཁྱེར)74ལ་འཕྲལ་སྡོམ་རླུང་འཕྲིན་བརྙན་འཕྲིན་ཁྱོན་ཡོངས་ལ་ཁྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།