དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་གིས་ལམ་སྒྲོན་བསྒར་བས་མང་ཚོགས་མཚན་འགྲུལ་རྒྱག་དཀའ་བའི་གནད་དོན་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་གིས་མང་ཚོགས་མཚན་འགྲུལ་རྒྱག་དཀའ་བའི་གནད་དོན་ལ་དམིགས་ཏེ་ཁོངས་གཏོགས་ཁུལ་གྱི་ཐག་རིང་དུ་གནས་པའི་རང་བྱུང་གྲོང་ཚོ་དང་གཙོ་གནད་ལམ་དུམ་དུ་ཉི་ནུས་ལམ་སྒྲོན110བསྒར་བས་དམངས་ཀྱི་དཀའ་ངལ་བསལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤང་མདའ་ཤང་གིས“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བརྟག་ཞིབ་ཆེ་མོའི”ཆེད་དོན་བྱ་སྤྱོད་ལ་གཞིགས་ཏེ། ས་གནས་ས་ཐོག་ཏུ་གྲལ་བཤེར་དང་བཞུགས་མོལ་བགྲོ་གླེང་སོགས་ཀྱི་ཐབས་ལམ་བརྒྱུད་ལམ་སྒྲོན་མེད་པའི་རྐྱེན་གྱིས་མཚན་འགྲུལ་རྒྱག་དཀའ་བའི་ལམ་དུམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ལམ་སྒྲོན་བསྒར་རྒྱུའི་གཏན་འཁེལ་བྱས་ཤིང་། ལམ་སྒྲོན་བསྒར་རིང་ལས་དོན་པས་ལས་གྲྭའི་སྤུས་ཚད་ལ་ལྟ་ཞིབ་ནན་པོ་བྱས་ནས་སྒྲིག་ཆས་སྒྲིག་སྦྱོར་དང་ལག་རྩལ་ཁྲིད་སྟོན་སོགས་ལ་སྐུལ་འདེད་བཏང་ཡོད།

    ད་ཐེངས་ཤང་དེ་ཡོངས་ཀྱི་ཐག་རིང་གི་གྲོང་ཚོ12ལ་ལམ་སྒྲོན་བསྒར་བས། དུད་ཁྱིམ400ལྷག་ཙམ་གྱི་མང་ཚོགས3700ལ་ཕན་པ་ཐོབ་སྟེ། རྒྱུན་གཏན་གྱི་འགྲོ་འོང་དང་ཕྲུ་གུ་བསུ་སྐྱེལ་སོགས་སྟབས་བདེ་རུ་ཕྱིན་ཡོད།

    གོམ་སྟབས་རྗེས་མར། སྤང་མདའ་ཤང་གིས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་མཐུད་སེལ་བ་དང་ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་བསྒྲུབས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།