དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མ་ནིང་ཀོ་ཤ་རབ་ཏུ་བཞད། སྐྱེ་ཁམས་བཟང་པོ་ཡུལ་གྱི་རྒྱན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    འདི་ནི་གྲོང་མིས་འབྲོག་རའི་ནང་གི་མ་ནིང་ཀོ་ཤའི་ཁྲོད་དུ་རྩེད་མོ་རྩེ་བཞིན་པ།

    དབྱར་གཞུང་དུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བོན་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་གནམ་མཐའི་འབྲོག་རའི་ནང་མ་ནིང་ཀོ་ཤ་རབ་ཏུ་བཞད་པས་གྲོང་མི་དང་ཡུལ་སྐོར་བ་ཚོས་ཉེ་འདབས་སུ་སྤྲོ་གསེང་བྱེད་པ་དང་། མེ་ཏོག་ལ་ལྟ་བར་འགྲོ་ས་རྩེ་གྲ་ཞིག་ཏུ་གྱུར་ཡོད།

    སྐྱེ་ཁམས་ཁོར་ཡུག་བཟང་པོས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྣེ་ཁྲིད་བྱེད་པར་སྐུལ་ཁྲིད་ཐུབ་ཅིང་། ཉིང་ཁྲིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་2021ལོའི་མི་ཐེངས་ཁྲི་1006ནས་2025ལོའི་མི་ཐེངས་ཁྲི་1735.42བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་83.75ནས་སྒོར་དུང་ཕྱུར་162.96བར་མང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།