དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཁའ་ལམ་གྱི་བརྒྱུད་རིམ་ཧྲིལ་པོར་མི་རྩ་བར་འཛིན་པ།

    གདང་ལའི་རྒྱུད་དུ་མི་མེད་འབབ་ཚུགས་མང་། མི་ཉིད་རྩ་བར་འཛིན་པའི་མཁའ་ལམ་རྨད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    འདི་ནི་མེ་འཁོར་མཚོ་ནག་རྒྱལ་མོའི་འབབ་ཚུགས་སུ་སྐྱོད་བཞིན་པ།

    ས་བབ་སྨི་5072ཡོད་པའི་གདང་ལའི་འབབ་ཚུགས་ཀྱི་ཐོག་ཁར་ཇུས་འགོད་བྱས་པའི་རྒྱ་ཡིག“མི”ཞེས་པ་མངོན་གསལ་དོད་མོད། འབབ་ཚུགས་ཧྲིལ་པོར་སྤ་སེ་བཤེར་མཁན་གཅིག་ཀྱང་མེད་ཁར། རྒྱང་བསྒྲགས་ནི་དེ་བས་ཐོས་རྒྱུ་མེད།

    མེ་འཁོར་འབབ་ཚུགས་དེ་ལྟ་བུ་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུར(གོར་མོ་ནས་ལྷ་ས་བར)53ཡོད་པ་དེ་དག་གིས་ལམ་ཐིག་ཧྲིལ་པོའི་མེ་འཁོར་འབབ་ཚུགས་བསྡོམས་འབོར་གྱི་བཅུ་ཆ་དགུ་ཡན་བཟུང་ཡོད། མེ་འཁོར་འབབ་ཚུགས་དེ་དག་ཏུ་འགྲུལ་པ་དང་དངོས་ཟོག་བླུགས་ཀྱི་མེད་རུང་མང་པོ་དེ་འདྲ་ཡོད་དགོས་དོན་གང་ཡིན་ཞེ་ན།

    མཁའ་ལམ་དེ་སྐྲུན་པའི་དང་ཐོག་མ་“མི”རྩ་བར་འཛིན་པས་ལགས།

    མི་མེད་པ་ཤེས་བཞིན་དུ་འབབ་ཚུགས་མང་པོ་དེ་འདྲ་སྐྲུན་དགོས་དོན་གང་ཡིན་ནམ།

    “མི་མེད་འབབ་ཚུགས་སྔོན་ལ་སྐྲུན་དོན་ནི་གོར་ལྷ་དུམ་བུའི་གསར་གཏོད་ཆེན་པོ་ཞིག་རེད”ཅེས་གདང་ལའི་ལམ་ཐིག་འཁོར་ཁང་གི་ཀྲུའུ་རེན་ཀྲང་ཡུང་ཧྲོའུ་ཡིས་བརྗོད།

    “མི་རྩ་བར་འཛིན་པར་དང་ཐོག་ཚེ་སྲོག་ལ་བརྩི་འཇོག་བྱེད་དགོས”

    གོར་ལྷ་དུམ་བུའི་སྤྱིའི་ལམ་ཐག་ལ་སྤྱི་ལེ་1142ཡོད་པ་དང་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པས་དེ་རྒྱུད་དུ་མི་ཧ་ཅང་ཉུང་ཉུང་རེད།

    2001ལོར་གོར་ལྷ་དུམ་བུ་སྐྲུན་སྐབས“མི་མེད་ཅན”ནི་སྟབས་བདེའི་ལག་རྩལ་གྱི་གདམ་ག་ཞིག་མིན་པར་དེ་ནི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་གདམ་ག་ཞིག་རེད།

    རྩ་སྐྱ་གཙང་པོའི་འབབ་ཚུགས་ལ་ས་བབ་སྨི་4886དང་། མཐོ་ལྕོགས་འབབ་ཚུགས་ལ་ས་བབ་སྨི་4891 ཀླུ་མོ་སྔོ་རི་འབབ་ཚུགས་ལ་ས་བབ་སྨི་4951 ཀོ་ལུག་འབབ་ཚུགས་ལ་ས་བབ་སྨི་4673ཡོད་པ་སོགས་འབབ་ཚུགས་གང་ཞིག་ཡིན་རུང་མི་རྣམས་ཅུང་ཞེད་སྣང་སྐྱེ་འོས་པ་ཤ་སྟག་རེད། དེ་གའི་མཁའ་རླུང་ནང་གསོ་རླུང་འདུས་ཚད་ཐང་གཤོང་གི་ཕྱེད་ཀ་ཡང་ཟིན་གྱི་མེད་པ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླང་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ལ་སླེབས་ཀྱི་ཡོད།

    དེ་གར་འཚོ་གནས་བྱེད་པ་ནི་ཚོད་བགམ་ཞིག་དེ་བས་རེད།

    “སྐབས་དེ་དུས་ང་ཚོས་ངེས་པར་དུ‘སྲུང་སྐྱོང་བྱེད་མི་དགོས་པ་དང་ལས་མི་ཉུང་གཏོང’གི་བསམ་ཕྱོགས་ལྟར་གསར་གཏོད་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་གོར་མོ་མེ་འཁོར་ལས་ཚུགས་དུམ་བུའི་ཏོན་ཀྲང་གཞོན་པ་ཁྲེང་ཙེང་ཀོང་གིས་སྐབས་དེ་དུས་ཀྱི་སྐོར་བརྗོད་པ་དང་། ཁོང་གིས“འབབ་ཚུགས་རེར་ཉུང་མཐར་ཡང་མི་4བཀོད་སྒྲིག་བྱས་ན། ཐོག་མའི་མི་མེད་འབབ་ཚུགས་38ལ་ལས་དོན་པ་152ཉུང་དུ་བཏང་ཡོད”ཅེས་བརྗོད།

    “མི་རྩ་བར་འཛིན་པར་མིར་སྲུང་སྐྱོང་བྱེད་དགོས་ལ། དུས་ཚོད་ལྟར་འབྱོར་བའི་ཁས་ལེན་དོན་འཁྱོལ་ཡང་བྱེད་དགོས”

    གོར་ལྷ་དུམ་བུ་ནི་ལམ་ཐིག་རྐྱང་པའི་ལམ་དུམ་ཡིན། གལ་ཏེ་ས་ཁོངས་དེར་ལམ་ཐིག་ཉིས་གཤིབ་བསྐྲུན་ཚེ་འཁྱགས་ས་བཞུར་བའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་མ་ཟད། རྗེས་མཐུད་ཡུན་རིང་གཉེར་སྐྱོང་བྱེད་སྐབས་མི་རྒྱུ་དངོས་གསུམ་ཟད་གྲོན་ཆེ་བའི་འགྲན་སློང་དེ་བས་འཕྲད་རྒྱུ་རེད། འོན་ཀྱང་ཉིན་ལྟར་ལྕཌ་ལམ་དུ་སྐྱོད་མཁན་མེ་འཁོར་གཅིག་གིས་ག་ལ་ཚད།

    ཕར་འགྲོ་ཚུར་འོང་བྱེད་མཁན་མེ་འཁོར་གཉིས་འཕྲད་སྐབས་མེ་འཁོར་གྱི་རིམ་པ་མི་འདྲ་བའམ་ཡང་ན་སྐྱེལ་འདྲེན་གྱི་དགོས་མཁོའི་དབང་གིས་མེ་འཁོར་གཅིག་མི་མེད་འབབ་ཚུགས་སུ་ཁ་བཀག་དགོས་པ་དང་། མེ་འཁོར་གཞན་ཞིག་ཤར་བགྲོད་ཐུབ་རྗེས་གཞི་ནས་མུ་མཐུད་བསྐྱོད་དེ་མེ་འཁོར་མང་པོ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

    ལོ་ཉི་ཤུའི་རིང་། མཚོ་བོད་ལྕགས་ལམ་ནས་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མང་དུ་ཤུགས་ཆེན་ཕྱིན་པ་དང་མེ་འཁོར་འཁོར་སྐྱོད་ཀྱི་གྲངས་འབོར་ཡང་བརྟན་པོའི་ངང་མང་དུ་ཕྱིན་པ་སྟེ། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པའི་གཉེར་སྐྱོང་ཇུས་གཞིའི་ནང་ཐོག་མའི་དུས་སུ་འགྲུལ་སྐྱེལ་མེ་འཁོར་ཆ་3གཏོང་རྒྱུའི་གཏན་འཁེལ་བྱས་པ་དང་ད་ཆ་ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར་ཆ་17གཏོང་གི་ཡོད།

    མེ་འཁོར་འཁོར་སྐྱོད་ཀྱི་གྲངས་འབོར་མང་དུ་ཕྱིན་པ་ལས་མི་མེད་འབབ་ཚུགས་ཀྱི་འགག་རྩའི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་པ་སྟེ། “གཡོལ་ཁུལ”མང་དུ་ཕྱིན་པ་ལས་དུས་ཚོད་གྲོན་ཆུང་ཐུབ་ནས་མེ་འཁོར་དུས་ཐོག་ཏུ་འབྱོར་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།

    མིའང་མཐོང་རྒྱུ་མེད་པས་དོ་དམ་ཡག་པོ་བྱེད་ཐུབ་བམ།

    “འབབ་ཚུགས་སུ་མི་མེད་ཚེ་དོ་དམ་བྱེད་མཁན་མེད་པ་མིན་ལ། དེ་ལས་ལྡོག་སྟེ་དོ་དམ་དེ་བས་ལེགས་པ་དང་དེ་བས་ཞིབ་ཚགས་བྱེད་དགོས་པ་མཚོན་གྱི་ཡོད”

    མཁའ་ལམ་འདི་བདེ་འཇགས་ཤར་བགྲོད་ཐུབ་པའི་ལོ་ཉི་ཤུ་ནི་བདེན་དཔང་ཡག་ཤོས་ཤིག་ཡིན།

    གསར་འགོད་པས་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཀླུ་མོ་སྔོ་རི་བརྡ་རྟགས་ལས་ཁུལ་གྱི་ཆུས་ཀྲང་ཧྲེ་ཁྲའོ་དང་མཉམ་དུ་མཚོ་ནག་མཚེའུ་འབབ་ཚུགས་སུ“བར་གསེང”ལས་སྒྲུབ་བྱེད་པར་བསྐྱོད་པ་སྟེ། ཙོག་པུར་བསྡད་དེ་འཁོར་ལམ་སྒྱུར་བའི་སྒྲིག་ཆས་ཚོད་འཛིན་བྱེད་པའི་འཕྲུལ་འཁོར་གྱི་ཁ་ཕྱེ་ནས་དཔྱད་ཆས་ཀྱིས་གློག་ལམ་ལ་ཞིབ་དཔྱད་ཚད་ལེན་བྱེད་པ་དང་། སྒུར་སྒུར་བྱས་ནས་ལྕགས་ལམ་གྱི་ལམ་མདོའི་བྱེ་རྡུལ་དང་སྣུམ་འདམ་རྙིང་པ་གཙང་སེལ་བྱས་རྗེས་སྣུམ་ཐིགས་ཡང་ཡང་རྒྱག་པ། ལྷགས་པ་ཆེན་པོ་རྒྱག་སྐབས་ད་དུང་སྒུར་སྒུར་བྱེད་ཀྱིན་མཚེ་འཕྲིན་མཆན་འོག་ཏུ་བཅུག་སྟེ་སྐད་ཆ་ཤོད་པ་སོགས་བྱེད་ཀྱི་ཡོད།

    “བར་གསེང”ལས་སྒྲུབ་ཞེས་པ་ནི་མེ་འཁོར་མེད་པའི་སྐབས་སུ་ལས་དོན་པས་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་། སྲུང་སྐྱོང་། མྱུར་བཟོ་བཅས་བྱེད་པར་ཟེར་ཞིང་། ཀླུ་མོ་སྔོ་རིའི་བརྡ་རྟགས་ལས་ཁུལ་གྱི་བཟོ་པ་5ཡིས་གཟའ་འཁོར་རེར་མི་མེད་འབབ་ཚུགས་3དུ་ལས་སྒྲུབ་དེ་འདྲ་ཐེངས་6བྱེད་དགོས་ཀྱི་ཡོད།

    “དབྱར་དུས་སུ་སྨུག་ཕྱིའི་འོད་ཐིག་ཤུགས་ཆེ་བས་ཤ་རྩི་ནག་རྐྱང་དུ་འགྱུར་གྱི་ཡོད་ལ། དགུན་དུས་ཀྱི་ཁ་བ་བུ་ཡུག་ཁྲོད་གྲང་ངར་ཆེན་པོ་ཡོད། འོན་ཀྱང་ལས་ཀ་དེ་སྒྲུབ་ཀྱི་མིན་ཟེར་མཁན་གཅིག་ཀྱང་མེད། དེ་ནི་ང་ཚོའི་རང་འཁྲིའི་ལས་ཀ་ཡིན་པས་ངེས་པར་དུ་ཡག་པོ་སྒྲུབ་དགོས”ཞེས་ཧྲེ་ཁྲའོ་ཡིས་མྱོང་ཚོར་ཟབ་མོའི་ངང་བརྗོད།

    གོར་ལྷ་དུམ་བུར་གྲངས་གཞི་འདི་འདྲ་ཞིག་ཡོད་པ་སྟེ། མི་མེད་འབབ་ཚུགས་ཚང་མར་དེ་འབྲེལ་གྱི་ཆེད་ལས་གྲངས་གཞིར་དུས་ཐོག་ཏུ་དབྱེ་ཞིབ་བྱས་ནས། སྒྲིག་ཆས་ལ་ཟླ་གསུམ་རེར་ས་གནས་ས་ཐོག་ཏུ་ཞིབ་བཤེར་ཐེངས་རེ་བྱེད་པ་དང་། གློག་འདོན་སྒྲིག་ཆས་ལ་ཉིན་གཉིས་རེར་ལྟ་འཐེན་དབྱེ་ཞིབ་ཐེངས་རེ་བྱེད་པ་དང་ཟླ་ཕྱེད་རེར་ས་གནས་ས་ཐོག་ཏུ་ཞིབ་བཤེར་ཐེངས་རེ་བྱེད་པ། གློག་འདོན་སྒྲིག་ཆས་ལ་གཟའ་འཁོར་རེར་སྐོར་ཞིབ་ཐེངས་རེ་བྱེད་པ་བཅས་རེད།

    མི་མེད་འབབ་ཚུགས་ཆུང་གྲས་དག་བརྒྱུད་སྐབས་མ་གཞི་དེའི་ནང་མི་མཐོང་རྒྱུ་མེད་ཀྱང་ལྕགས་ལམ་ཧ་ཅང་བརྟན་ཞིང་ལྷིང་བ་ཚོར་ཐུབ། བརྟན་ལྷིང་དེ་ནི“མཁའ་ལམ་ལས་དོན་པ”མང་པོའི་འབད་བརྩོན་ལས་བྱུང་བའི་བློ་བདེ་ཞིག་རེད།

    མི་མེད་འབབ་ཚུགས་དག་གིས་ད་ཡོད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་ཐུབ་བམ།

    བྲག་སྨུག་འབབ་ཚུགས་ནི་སྔོན་ཆད་མི་མེད་འབབ་ཚུགས་ཤིག་རེད།

    འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་འབབ་ཚུགས་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། 2016ལོར་བྲག་སྨུག་གྲོང་རྡལ་འདི་ཉིད་བོད་ཀྱི་ཁྱད་ལྡན་གྲོང་རྡལ་གྱི་གྲས་སུ་བཅུག་ནས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

    དེའི་འགྱུར་ལྡོག་ནི་མི་དམངས་གོང་དུ་བཀུར་བ་ལས་བྱུང་བ་སྟེ། མཐའ་འཁོར་གྱི་ཤང་དང་གྲོང་རྡལ་བཞིའི་མང་ཚོགས་ཁྲི་གཅིག་ལྷག་ཙམ་གྱིས་མེ་འཁོར་འགྲུལ་སྐྱེལ་གྱི་ཕྱིར་སྐྱོད་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད།

    2025ལོའི་ཟླ་12ཚེས་11ཉིན། མེ་འཁོར་ཐེངས་Z9817བྲག་སྨུག་འབབ་ཚུགས་སུ་དལ་བུར་འབྱོར་ཞིང་། ལྕགས་ལམ་སྡེ་ཚན་དང་ས་གནས་སྲིད་གཞུང་གིས་མཉམ་དུ་སྐུལ་འདེད་བཏང་བ་བརྒྱུད། ལོ་19ཡི་རིང་ཁུ་སིམ་མེར་གནས་པའི་མི་མེད་འབབ་ཚུགས་དེར་འགྲུལ་པ་བསུ་བའི་རྒྱང་བསྒྲགས་ཐོག་མར་གྲགས། དུས་དེ་ནས་བཟུང“མེ་འཁོར་འགྲོ་འོང་བྱེད་པ་མཐོང་ཡང་དེའི་ནང་སྡོད་མི་ཐུབ་པའི”འཚོ་བ་རྦད་དེ་མཇུག་འགྲིལ་ཡོད།

    སྔོན་ཆད་ཁུ་སིམ་མེར་གནས་པའི་གོར་ལྷ་དུམ་བུའི་མི་མེད་འབབ་ཚུགས་དེ་ད་ཆ་ས་མཐོའི་གྲོང་རྡལ་ཆུང་ངུ་དང་ཕྱི་ཕྱོགས་སྦྲེལ་མཐུད་བྱེད་པའི་འབྲེལ་ཐག་གསར་པ་ཞིག་ཏུ་གྱུར་ཡོད།

    མི་མེད་འབབ་ཚུགས་འགའ་ཞིག་ལ་མི་ཡོད་པ་ཕུད། འགའ་ཞིག་ལ་ད་དུང་ངོ་མཚར་གྱི“འགྱུར་ལྡོག”གཞན་ཞིག་བྱུང་བ་སྟེ། “འཛམ་གླིང་ལྕགས་ལམ་གྱི་ས་བབ་མཐོ་ཤོས”ཀྱི་འབབ་ཚུགས་ཏེ། གདང་ལ་འབབ་ཚུགས་སུ་ཡུལ་སྐོར་བ་མང་པོ་ཞིག་ཆེད་མངགས་དྲན་རྟེན་པར་རྒྱག་པར་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་། མི་མེད་འབབ་ཚུགས་ཀྱི་མཛེས་ལྗོངས་དེ་བོད་དུ་ཡོང་མཁན་ཡུལ་སྐོར་བའི་སེམས་ནང་གི་གཱ་ཐོ་འགོད་ཡུལ་གྲགས་ཅན་ཞིག་ཏུ་གྱུར་ཡོད།

    “མི་མེད་འབབ་ཚུགས”ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པ་ནས“མི་བསྡད་དེ”སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱེད་པའི་བར་དང་། དེ་ནས“མི་མེད”དང“མི་ཡོད”དབར་གྱི་སྟབས་བསྟུན་འགྱུར་ལྡོག་བར། ལོ་ཉི་ཤུའི་རིང་། ལེ་དབར་སྟོང་གི་ལམ་ཐིག་སྦྲེལ་མཐུད་བྱེད་པའི་འབབ་ཚུགས་དེ་དག་གིས་ང་ཚོ་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པར་མཐུན་རྐྱེན་སྦྱོར་བ་དང་། གངས་ལྗོངས་ས་མཐོ་དང་མེས་རྒྱལ་ས་གནས་ཁག་དབར་གྱི་བར་ཐག་ཟམ་མི་ཆད་པར་ཐུང་དུ་བཏང་བ་མ་ཟད། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་ཀྱང་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།