དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་དང་པོ་ནས་ལྔ་པའི་བར་རང་ལྗོངས་ཀྱི་འགག་སྒོ་ནས་དངོས་ཟོག་དབོར་ཚད་ཏུན་ཁྲི་10ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    ཉེ་དུས་གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་ལྗོངས་ཀྱི་འགག་སྒོས་ལྟ་འདོམས་བྱེད་པའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་དབོར་ཚད་ཏུན་ཁྲི་10.81ཟིན་ནས། མཐའ་མཚམས་ཚོང་དོན་དེ་མཐའ་དར་དམངས་ཕྱུག་གི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད།

    ཟླ་ལྔ་པར། འགྲམ་འགག་སྒོ་ནས་འགག་སྒོ་གཞན་ལ་བསྒྱུར་བའི་དངོས་ཟོག་ཏུན་951.16ཟིན་པ་དེ་ཟླ་བ་གོང་མ་ལས་ལྡབ་19འཕར་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་སྐྱིད་གྲོང་འགག་སྒོ་ནས་གཟན་རྩྭ་ཏུན་1291.57ནང་འདྲེན་བྱས་པ་དེ་ན་ནིང་གི་ལོ་ཧྲིལ་པོའི་གཞི་ཁྱོན་ལས་བརྒལ་ཡོད། དེ་ལས་འབྲོག་ཁུལ་དུ་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། རྩྭ་ཐང་གི་སྐྱེ་ཁམས་ཀྱང་སྲུང་སྐྱོང་ཐུབ་ཡོད། ལེགས་རྩེ་འགག་སྒོ་ནས་དངོས་ཟོག་དབོར་ཚད་ཏུན་2414ཟིན་པ་དེ་དུས་མཚུངས་ལས་ལྡབ་151.2འཕར་ནས་མཐའ་མཚམས་ཚོང་དོན་གྱི་འཕར་གཞི་གསར་པར་གྱུར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཁེ་ལས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་སྟབས་བདེ་ཅན་གྱི་སྣ་འདུས་ཐབས་བཟང་སྤྱད་པ་སྟེ། རེ་ཞུའི་ལྷུ་ཚིགས་སུ་དྲ་ཐོག་ནས“རིག་ནུས་གཞོགས་འདེགས་རེ་ཞུའི”བྱེད་ཐབས་བཟོས་ཏེ། ཁེ་ལས་ཀྱིས་བཀོལ་སྤྱོད་བྱེད་པའི་ལྷུ་ཚིགས་ཉུང་དུ་བཏང་ཡོད། ཟོག་འགྲུལ་ལྷུ་ཚིགས་ནང“སྤ་སེ་གཅིག་ལ་འཁོར་མང”གི་བྱ་ཐབས་ཁྱབ་གདལ་བཏང་སྟེ“སྐམ་གྲུའི་རེ་ཞུ་དང་། གཏོགས་ཁོངས་ཞིབ་བཤེར། འགག་སྒོ་ཐད་གཏོང”བཅས་ཀྱི་བྱེད་སྟངས་བརྩེགས་སྡེབ་བྱས་པས“དོས་སྒམ་གཅིག་གི་ལམ་ལུགས”མངོན་འགྱུར་བྱུང་ཡོད། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་རིང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གནད་སྨིན་ནུས་ཆེ་ཡོང་བ་བྱས་ཡོད། རྒྱལ་ཡོངས་ཀྱི་ཁེ་ལས་སྟོང་ལྷག་གིས་རང་ལྗོངས་ཀྱི་འགག་སྒོར་བརྟེན་ནས་ཚོང་དོན་སྤེལ་གྱི་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བས། གཞིས་རྩེའི་རྒྱལ་སྤྱིའི་སྐམ་གྲུ་མཉམ་སྒུལ་གྱི་འགྲམ་དང་ལེགས་རྩེ་སོགས་འགག་སྒོར“སྒོ་ཁྲལ་སྙན་སེང་ཐེངས་གཅིག་དང་། ཞིབ་བཤེར་ཐེངས་གཅིག དོས་སྒམ་གྱི་ལམ་ལུགས”བཅས་མངོན་འགྱུར་བྱུང་བ་བརྒྱུད། ནས་ཀྱི་ཐོན་རྫས་དང་། བོད་རུམ། སྤོས་སོགས་ས་གནས་ཀྱི་ཁྱད་ལྡན་ཁེ་ལས་10བཅའ་ཞུགས་བྱ་རྒྱུའི་ཡིད་དབང་བཀུག་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་ལས་ཚོགས་པ་ཞིག་རགས་ཙམ་ཆགས་ཡོད། གོམ་སྟབས་རྗེས་མར་འགག་སྒོ་དང་། ལྟེ་བ། ལས་སྟེགས། ཐོན་ལས་བཅས་ཟུང་དུ་འབྲེལ་བའི་སྒོ་དབྱེའི་རྣམ་པ་མུ་མཐུད་བཏོད་དེ་རྒྱལ་སྒྲོལ་ཚོང་དོན་གྱི་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།