དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་བསྐྱར་གྲོས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གསུམ་པ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-30

    ཉེ་ཆར། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་མཉམ་འབྲེལ་ཐོག་སྲིད་འཛིན་འདྲི་གཅོད་དང་སྲིད་འཛིན་བསྐྱར་གྲོས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གསུམ་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    ད་ཐེངས་ཀྱི་ཡོངས་བསྒྲགས་ཚོགས་འདུར། སྲིད་འཛིན་འདྲི་གཅོད་ཀྱི་དཔེ་མཚོན་གྱོད་དཔེ་5དང་སྲིད་འཛིན་བསྐྱར་གྲོས་ཀྱི་དཔེ་མཚོན་གྱོད་དཔེ་5བདམས་པ་དེ་དག་ས་ཆའི་ཐོན་ཁུངས་དོ་དམ་དང་། སྲིད་འཛིན་གྲོས་མཐུན་ལག་བསྟར། སྲིད་འཛིན་ཁས་ལེན་དོན་འཁྱོལ། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས། སྲིད་འཛིན་ལས་ཁུངས་ཀྱི་འགན་སྒྲུབ། ས་ཆ་བསྡུ་ལེན་ཁ་གསབ། ཞུ་གཏུག་ཐེར་འདོན། སྲིད་འཛིན་ཆད་གཅོད། གཏེར་འདོན་ཆོག་འཐུས་ཐོ་སུབ། དམངས་སྲིད་ཆ་འཕྲིན་ལན་འདེབས་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་སྲིད་འཛིན་ཁྲིམས་འཛིན་གྱི་ཐོན་སླ་ཞིང་མང་བའི་གཙོ་གནད་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད།

    ཡོངས་བསྒྲགས་ཚོགས་འདུར་ངོ་སྤྲོད་བྱས་དོན། དཔེ་མཚོན་གྱོད་དཔེ་རིགས་གཉིས་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་སྟེ། ཕྱོགས་གཅིག་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་ཁག་ལ་ཕྱོགས་ཏེ་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་ཉེན་ཟོན་སློབ་གསོ་སྤེལ་ཏེ་གྱོད་གཞི་སྒྲུབ་པའི་ཐད་ཁྲིམས་ལྟར་སྲིད་འཛིན་གྱི་བླང་བྱ་གཞིར་བཟུང་། ཁྲིམས་འཛིན་མི་སྣས་འགན་སྒྲུབ་ཐད་ཀྱི་འཛེམས་བྱ་དང་ཁྲིམས་གཏན་གྱི་འགན་འཁྲི་གསལ་པོ་ཤེས་པར་བྱས་ཏེ་རྒྱུན་གཏན་གྱི་སྲིད་འཛིན་ཁྲིམས་འཛིན་དང་སྲིད་འཛིན་དོ་དམ་བྱ་སྤྱོད་ཚད་ལྡན་དུ་བཏང་བའི་སྐོར་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཡོངས་བསྒྲགས་བྱས་ཏེ། ཁེ་ལས་དང་མི་རིགས་ཁག་གི་མང་ཚོགས་ལ་སྲིད་འཛིན་གྱི་དབང་གནོད་དང་སྲིད་འཛིན་ཐད་དགོས་པའི་ལས་མི་བྱེད་པའི་སྣང་ཚུལ་འཕྲད་སྐབས། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་བཅའ་ཁྲིམས་ཐབས་ལམ་ལུགས་མཐུན་ངང་སྤྱད་དེ་ཁེ་དབང་སྲུང་སྐྱོང་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་པའི་སྐོར་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།