2026ལོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་བཅོས་སྐྱོང་གི་མཐོ་རིམ་ཇུས་འདོན་ཚོགས་པའི་གླེང་སྟེགས་པེ་ཅིང་དུ་འཚོགས་པ།
ཟླ་6ཚེས་26ཉིན། 2026ལོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་བཅོས་སྐྱོང་གི་མཐོ་རིམ་ཇུས་འདོན་ཚོགས་པའི་གླེང་སྟེགས་པེ་ཅིང་དུ་འཚོགས་ཤིང་། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“སྲིད་ཏང་གི་ལོ་རྒྱུས་ཀྱི་ལས་འགན་དང་བྱ་སྤྱོད་ཀྱི་རིན་ཐང”ཞེས་པ་དེ་ཡིན་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེར་རིམ་མཚུངས་ཀྱི་གླེང་སྟེགས་ཁག་གསུམ་བཀོད་སྒྲིག་བྱས་ཤིང་། ཁག་སོ་སོའི་བརྗོད་དོན་གཙོ་བོ་ནི་སྲིད་ཏང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་། སྲིད་ཏང་དང་སྤྱི་ཚོགས་བཅོས་སྐྱོང་། སྲིད་ཏང་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་བཅས་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་20ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་བཅས་ཁྱོན་མི་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག སྲིད་ཏང་ནི་རྒྱལ་ཁབ་འཕེལ་རྒྱས་ལ་སྣེ་འཁྲིད་མཁན་དང་། མི་དམངས་ཀྱི་ཁེ་ཕན་མཚོན་མཁན། མིའི་རིཌ་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་བཅས་ཡིན་དགོས་ལུགས་བཏོན་ཡོད། ཚང་མས། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་མཁན་ཏང་ཞིག་ཡིན་ལ། མིའི་རིགས་ལ་ཡར་རྒྱས་དོན་གཉེར་བྱེད་མཁན་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་མཁན་ཏང་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་གི་སྲིད་ཏང་གིས་ལག་གདང་སྦྲེལ་ནས་མཉམ་ལས་དང་ལོ་རྒྱུས་ཀྱི་འགན་འཁྲི་མཉམ་དུ་ཁུར་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ལ་དེ་བས་ཡངས་ཤིང་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།