2026ལོའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་གྱི་སྤྱི་པའི་སྒྲིག་གཞིའི་ནུས་བསྲི་དང་ཐཱན་ཉུང་གི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་2026ལོའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་གྱི་སྤྱི་པའི་སྒྲིག་གཞིའི་ནུས་བསྲི་དང་ཐཱན་ཉུང་གི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་སྦྲགས་རྒྱལ་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིར་དྲ་ཐོག་ནས་ཐད་གཏོང་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྤྱི་པའི་སྒྲིག་གཞིའི་ནུས་བསྲི་དང་ཐཱན་ཉུང་གི་ལས་ཀའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། ནུས་བསྲི་སྒྱུར་བཀོད་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་། ཐོན་ཁུངས་གྲོན་ཆུང་སོགས་ཀྱི་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་ལྷག་པར་དུ་ནུས་རྒྱུའི་འགྲོ་གྲོན་ཚབ་གཉེར་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། 2022ལོའི་ཟླ་9པར《སྤྱི་པའི་སྒྲིག་གཞིས་ནུས་རྒྱུའི་འགྲོ་གྲོན་ཚབ་གཉེར་ཞབས་ཞུ་སྤྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཚུན། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིས་ནུས་རྒྱུའི་འགྲོ་གྲོན་ཚབ་གཉེར་རྣམ་གྲངས་ཁག་1200ལྷག་ཙམ་ལག་ལེན་བསྟར་བ་དང་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་550ལྷག་ཙམ་ཟིན་པའི་ཁྲོད་ད་ལོ་རྣམ་གྲངས་120ལྷག་ཙམ་གསར་སྣོན་བྱས་པར་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་100ཙམ་ཟིན་ནས་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་གྲོན་ཆུང་ནུས་ལྡན་ཐུབ་སྟེ་ཁྲོམ་རའི་ལམ་སྲོལ་གྱི་གསོན་ཤུགས་གང་ལེགས་འཕེལ་ཡོད།
བྱེད་སྒོར“ལོ་ལྔ་ཚན་བཅོ་ལྔ་པའི”སྤྱི་པའི་སྒྲིག་གཞིའི་ཚན་པའི་འཛུགས་སྐྲུན་རྒྱ་ཁྱོན་གྱི་ནུས་རྒྱུ་ཟད་གྲོན་5%ཆག་པའི་དམིགས་ཚད་བླང་བྱ་དམིགས་སུ་བཀར་ནས་ཁ་གསལ་བཏོན་པ་དང་སྤྱི་པའི་སྒྲིག་གཞིས་བྱེད་ཐབས་སྣ་མང་སྤྱད་དེ་ནུས་རྒྱུ་བསྲི་ཚགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱ་རྒྱུར་སྐུལ་ལྕག་བཏང་ཡོད།
རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཕེ་ལིན་གྱིས། གྲོན་ཆུང་དང་འགན་ལེན་དང་། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་། གཅུན་འདོམས་དང་ལྕག་སྐུལ་བཅས་ཀྱི་འབྲེལ་བ་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་སྤྱི་པའི་སྒྲིག་གཞིའི་ནུས་བསྲི་དང་ཐཱན་ཉུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད། ལམ་སྲོལ་གསར་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་དང་། གྲངས་འཛིན་ལག་རྩལ་དང་ལྗང་མདོག་ཐཱན་ཉུང་ཐོན་རྫས་དབར་གཉིས་མོས་ཀྱིས་མཐུན་རྐྱེན་སྦྱོར་བ། ནུས་བསྲི་དོ་དམ་དང་། རྒྱུ་ནོར་དོ་དམ། སྔོན་རྩིས་དོ་དམ་བཅས་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་པའི་སྒྲིག་གཞིའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།