ན་ནིང་གི་དུག་རྫས་དང་འབྲེལ་བའི་གྱོད་གཞིའི་གྲངས་འབོར་དེ་2024ལོ་ལས་གསུམ་ཆ་གཅིག་ལྷག་ཙམ་ཆག་པ།
ཉེ་ཆར། གསར་འགོད་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་ཁྲིམས་ཁང་གིས་དུག་རྫས་དང་འབྲེལ་བའི་གྱོད་གཞི་23732ལ་འདྲི་གཅོད་དང་པོའི་ཞིབ་གཅོད་མཇུག་འགྲིལ་བ་དང་བཅད་ཁྲའི་ནུས་པ་ཐོན་པའི་མི་གྲངས་34705ཟིན་པའི་ནང་ནས་མི་7398ལ་དུས་བཀག་བཙོན་འཇུག་ལོ་ལྔ་ཡན་གྱི་ཆད་པ་བཅད་པ་དང་། ཆད་པ་ལྕི་པོ་གཅོད་ཚད་21.32%ཟིན་པ་དེ་དུས་མཚུངས་ཀྱི་ཉེས་དོན་གྱོད་གཞི་ཚང་མའི་ཆད་པ་ལྕི་པོ་གཅོད་ཚད་ལས་བརྒྱ་ཆའི་གྲངས་14ཙམ་གྱིས་མཐོ་བ་ཡོད། 2024ལོ་དང་བསྡུར་ན། དུག་རྫས་དང་འབྲེལ་བའི་གྱོད་གཞིའི་གྲངས་འབོར་དེ་གསུམ་ཆ་གཅིག་ལྷག་ཙམ་ཆག་མོད། ཡིན་ན་ཡང་ཆད་པ་ལྕི་པོ་གཅོད་ཚད་བརྒྱ་ཆའི་གྲངས་4.4ཡིས་མཐོ་བ་ཡོད། དེའི་ཐོག་ནས་དུག་རྫས་ཉེས་གསོག་གི་དུས་བབ་དང་དུག་རྫས་གང་བྱུང་དུ་སྤྱོད་པའི་རྣམ་པར་འགྱུར་ལྡོག་བྱུང་བའི་གནས་ཚུལ་འོག མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དུག་རྫས་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་པའི་ཐད་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་མི་འགྱུར་བ་དང་། ཤུགས་ཚད་མི་ཆག་པ། ཆོད་སེམས་མི་འགྱུར་བ་བཅས་མཚོན་གྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དུག་རྫས་ཉེས་གསོག་བྱེད་པོའི་ཉེས་མིང་སྟེ་དུག་རྫས་ལྐོག་འདྲེན་དང་། ལྐོག་འཚོང་། སྐྱེལ་འདྲེན། བཟོ་བ་བཅས་ཀྱི་གྱོད་གཞི་བསྡོམས་རྩིས་བྱས་པ་བརྒྱུད། 2023ལོ་ནས་2025ལོའི་བར་རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་དེ་རིགས་འདྲི་གཅོད་དང་པོའི་ཞིབ་གཅོད་མཇུག་འགྲིལ་བའི་ཁྲོད་ན་སོ་དར་ལ་མ་བབ་པའི་ཞུ་སྦྱོར་ཕྱི་མ་དང་འབྲེལ་ཡོད་གྱོད་གཞིའི་གྲངས་འབོར་མི་256དང་གྱོད་གཞི་217དང་། མི་1084དང་གྱོད་གཞི་909 མི་737དང་གྱོད་གཞི་617བཅས་ཁག་སོ་སོར་ཟིན་ནས། གྲངས་འབོར་རིམ་བཞིན་ཆག་པའི་རྣམ་པ་མངོན་ཡོད། 2025ལོར་ན་སོ་དར་ལ་མ་བབ་པའི་མིའི་གྱོད་འབྲེལ་མི་གྲངས་དང་། དེ་བཞིན་གྱོད་གཞིའི་གྲངས་འབོར་དུས་མཚུངས་ལས་32%ཆག་པ་དང་། 2026ལོའི་ཟླ་དང་པོ་ནས་ལྔ་པའི་བར་མུ་མཐུད་ཆག་པའི་རྣམ་པ་མངོན་པ་ལས་ན་སོ་དར་ལ་མ་བབ་པའི་མིས་སྨན་རྫས་གང་བྱུང་དུ་སྤྱོད་པར་བཅོས་སྐྱོང་བྱེད་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།