ཀྲུང་ཧྥེའི་མཉམ་ལས་ཀྱིས་མཛའ་གྲོགས་མཉམ་འདྲེས་ལ་མཐུན་རྐྱེན་སྦྱར་བ།

ཉེ་ཆར། ཆིང་ཧྭ་སློབ་ཆེན་གྱིས་རྒྱལ་སྤྱིའི་རིག་གནས་དུས་ཆེན་སྐབས་བཅུ་བཞི་པ་དང“སའི་གོ་ལའི་གྲོང་ཚོའི”རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་འཚོགས་ཤིང་། འདི་ནི་ས་ཡུལ་དངོས་སུ་ལྟད་མོ་བས་ཀག་ནའི་སྲོལ་རྒྱུན་རྒྱན་གོས་ཀྱི་མཛེས་པ་དང་ཨ་ཧྥེ་རི་ཁའི་རྔ་ཆེན་ལ་མྱོང་རོལ་བྱེད་བཞིན་པ།

གཡོད་ཧན་ནེ་སི་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་གཙོ་གཉེར་བྱས་པའི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཏེ། ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་གི་ན་གཞོན་ཕྱི་འབྲེལ་དཔོན་རིགས་དང་ལྷོ་ཨ་ཧྥེ་རི་ཁ་ཅིན་ཧྲན་སློབ་ཆེན་གྱི་སློབ་མའི་གླེང་མོལ་ཚོགས་འདུའི”ཐོག་ཅིན་ཧྲན་སློབ་ཆེན་གྱི་སློབ་མས་ཀྲུང་གོའི་ཇ་ལོའི་སྒྱུ་རྩལ་ལ་མྱོང་རོལ་བྱེད་བཞིན་པ།

ལྷོ་ཨ་ཧྥེ་རི་ཁའི་ཏེ་པན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གཉེར་བའི་2026ལོའི“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི”བྱེད་སྒོའི་ཐོག་ས་གནས་དེ་གའི་སློབ་མས་དོམ་ཁྲའི་རི་མོ་བཀོད་པའི་འགེལ་ཆས་དང་ཀྲུང་གོའི་ཡིག་གཟུགས་ཚོགས་པའི་རླུང་གཡབ་རིག་གནས་སོགས་བསམ་བཀོད་ཐོན་རྫས་སྟོན་བཞིན་པ།

ཉིན་ཤས་གོང་། སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སེ་ནེ་ཀལ་དྲག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“ན་གཞོན་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུ་བའི་མི་བརྒྱའི་ཐའེ་ཅིི་དྲག་རྩལ”རྩེ་བའི་བྱེད་སྒོ་སྤེལ་ཞིང་། འདི་ནི་ས་གནས་དེ་གའི་ན་གཞོན་གྱིས་ཐའེ་ཅིི་དྲག་རྩལ་རྩེ་བཞིན་པ།

ཉེ་ཆར། ཁེན་ནི་ཡའི་ལྕགས་ལམ་ཅུས་དང་མེང་ནེ་ལྕགས་ལམ་གཉེར་སྐྱོང་ཕྱོགས་ཀྱི་ཨ་ཧྥེ་རི་ཁའི་ལྕགས་ལམ་གཉེར་སྐྱོང་ཀུང་སིས་ཀྲུང་གོ་དང་ཁེན་ནི་ཡའི་ལས་མིའི་ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་གཉེར་བ་རེད།

ཨེ་ཅིབ་ཀྱི་ལུའུ་ཁེ་སོ་སློབ་ཆེན་གྱི་ཁུང་ཙི་སློབ་ཁང་དུ་གཉེར་བའི་2026ལོའི“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི”བྱེད་སྒོའི་ཐོག ས་གནས་དེ་གའི་སློབ་མ་དང་རྒྱ་ཡིག་དགེ་རྒན་གྱིས་མཉམ་དུ་གནའ་བོའི་སྙན་ཚིག་གི་བཀབ་དཔར་སྟོན་བཞིན་པ།

ཉེ་ཆར། “རྒྱ་སྐད་སྦྲེལ་ཟམ”སྐབས་ཉེར་ལྔ་པའི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་ལྷོ་ཨ་ཧྥེ་རི་ཁའི་འགྲན་ཁུལ་གྱི་མཐའ་བསྡུར་དེ་ཤིས་ཁེ་ཕུ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་གཉེར་བ་རེད། འདི་ནི་བདམས་ཐོན་པས་ཀྲུང་གོའི་སྲོལ་རྒྱུན་ཞབས་བྲོ་འཁྲབ་བཞིན་པ།

འདི་ནི་ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གཉེར་བའི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོའི་ཐོག སློབ་མའི་རྔ་རྡུང་རོལ་ཆ་ཚོགས་པ་དང་། སེང་རྩེད་ཚོགས་པ། ཞབས་བྲོ་ཚོགས་པ་བཅས་ཀྱིས་མཉམ་དུ་ཞབས་བྲོ་དབྱང་ཀོ་འཁྲབ་བཞིན་པ།
2026ལོ་ནི་ཀྲུང་ཧྥེའི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད་ལ། ཕྱོགས་གཉིས་པོས་ཐུན་མོང་ཐོག་གཏན་འཁེལ་བྱས་པའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”ཞིག་ཀྱང་རེད། དེ་གོ་སྐབས་སུ་བྱས་ནས། ཀྲུང་ཧྥེས་ཐུན་མོང་ཐོག་སྣ་མང་ཕུན་སུམ་ཚོགས་པའི་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེ་ཐོག་ནས་ཀྲུང་ཧྥེའི་མི་དམངས་དབར་གྱི་ཉིན་བཞིན་ཟབ་ཏུ་འགྲོ་བའི་འབྲེལ་ཐག་དང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བའི་མཛའ་གྲོགས་གང་ལེགས་མངོན་ཡོད་པ་དང་། ཀྲུང་ཧྥེའི་མི་དམངས་དུང་ཕྱུར་28ལྷག་ཙམ་གྱི་བློ་སེམས་གཅིག་མཐུན་དང་། བརྩེ་སེམས་མཉམ་འདྲེས། ནུས་ཤུགས་གཅིག་སྒྲིལ་བཅས་ལ་མུ་མཐུད་སྐུལ་འདེད་ཐུབ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།