དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-29

    ཚེས་26ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ཆེད་དོན་བགྲོ་གླེང་ཚོགས་འདུ་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། དེའི་དམིགས་ཡུལ་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་དང་། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་། རྒྱུན་འཛིན། དར་སྤེལ་གཏོང་བ་བཅས་བྱས་ཏེ། གསར་བརྗེའི་སྙིང་སྟོབས་དེ་མཐའ་མཚམས་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ལག་ལེན་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་དང་། བོད་ལྗོངས་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། རྒྱལ་ཡོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ཕུལ་བྱུང་དཔྱད་རྩོམ་གྱི་རྩོམ་པ་པོའི་འཐུས་མི་60ལྷག་ཙམ་ལྷན་དུ་འཛོམས་ནས་མཁའ་ལམ་གྱི་སྙིང་སྟོབས་མཉམ་དུ་གླེང་བ་དང་རྒྱུན་འཛིན་གྱི་ཐབས་ལམ་མཉམ་དུ་ཞིབ་འཇུག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།