དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ལས་ཚབ་ལུའོ་ཏེ་ལི་ཀེ་སིར་ཝེ་ནེ་ཙུའེ་ལར་ས་ཡོམ་དྲག་པོ་བརྒྱབ་པར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-06-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ལས་ཚབ་ལུའོ་ཏེ་ལི་ཀེ་སིར་ཝེ་ནེ་ཙུའེ་ལར་ས་ཡོམ་དྲག་པོ་བརྒྱབ་པར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    ཞི་ཅིན་ཕིང་གིས། ཝེ་ནེ་ཙུའེ་ལར་ས་ཡོམ་དྲག་པོ་བརྒྱབ་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཚུལ་ཤེས་རྗེས་ཧང་སངས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་ཡིད་ཤིན་ཏུ་སྐྱོ་བའི་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱི་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལ་རོགས་རམ་བྱེད་ཀྱི་ཡིན། ཝེ་ནེ་ཙུའེ་ལའི་སྲིད་གཞུང་གི་སྣེ་ཁྲིད་འོག་ཝེ་ནེ་ཙུའེ་ལའི་མི་དམངས་སྔ་ཙམ་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།