དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་བཟོས་པའི་ཚོང་སྤྱོད་གནམ་གྲུའི་ས་མཐོ་ཡང་མཐོའི་མཁའ་ལམ་གཉིས་པ་ཤར་གཏོང་ཐུབ་པ།

    གཞུང་སྤྱོད་གནམ་གྲུ་དང་པོ་C909ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-28

    འདི་ནི་ཉེ་ཆར་ཁྲེང་ཏུའུ་མཁའ་འགྲུལ་གྱི་C909གནམ་གྲུའི“ངང་དཀར་རྟགས་ཅན”གྱི་བརྗོད་དོན་གཙོ་བོའི་དུས་གཏན་གནམ་གྲུ་ཧོ་ཅིང་པ་དབྱིན་པུའུ་ལུའུ་ཁེ་གནམ་ཐང་ནས་འཕུར་འགོ་ཚུགས་པ།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་23ཉིན། ཁྲེང་ཏུའུ་མཁའ་འགྲུལ་གྱི་C909གནམ་གྲུའི“ངང་དཀར་རྟགས་ཅན”གྱི་བརྗོད་དོན་གཙོ་བོའི་དུས་གཏན་གནམ་གྲུ་ས་བབ་སྨི་2506.85ཡོད་པའི་ཧོ་ཅིང་པ་དབྱིན་པུའུ་ལུའུ་ཁེ་གནམ་ཐང་དུ་བདེ་བླག་ངང་བབས་པ་དང་སྦྲགས། ཝུའུ་ལུའུ་མུའུ་ཆིའི་ཧོ་ཅིང་བརྒྱུད་ཁུ་ཧྲེར་འཕུར་བའི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད། དེ་ནི་ཁ་ཧྲེ་ནས་ཐ་ཧྲེ་ཁུར་དབར་འཕུར་བའི་མཁའ་ལམ་ཨ་མ་བཏོད་རྗེས་ཀྱི་རང་རྒྱལ་གྱིས་བཟོས་པའི་ཚོང་སྤྱོད་གནམ་གྲུ་འཕུར་སྐྱོད་བྱེད་པའི་ས་མཐོ་ཡང་མཐོའི་མཁའ་ལམ་གཉིས་པ(སྐམ་སའི་ས་བབ་སྨི་2438ཡན་གྱི་འཕུར་སྐྱོད་བྱེད་པ)དེ་རེད།

    ཚེས་22ཉིན། C909གཞུང་སྤྱོད་གནམ་གྲུ་CBJ(COMACBusinessJet)ཐོག་མ་དེ་ཧྲང་ཧའེ་ཧུང་ཆའོ་གནམ་ཐང་ནས་པེ་ཅིང་རྒྱལ་སའི་གནམ་ཐང་དུ་འཕུར་ཏེ་ཚོང་ལས་གཉེར་སྐྱོང་དངོས་སུ་བྱེད་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།