དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡུལ་སྐོར་མཚོ་གྲུས་ཀྲུང་གོའི་འཛད་སྤྱོད་འཕར་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-28

    དབྱར་གསེང་གི་ཡུལ་སྐོར་བ་མང་དུས་འཆར་ཉེའི་སྐབས་སུ། ཀྲུང་གོའི་ཧྲན་ཏུང་ཆིང་ཏའོ་ཡི་ཡུལ་སྐོར་མཚོ་གྲུས་ཡུལ་སྐོར་བའི་ལོ་ཚོད་དང་དགོས་མཁོ་མི་འདྲ་བར་དམིགས་ནས་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་མང་པོ་བཏོན་ཞིང་། འདི་ནི་ཉེ་ཆར“ཨའེ་ཏ·ས་དབུས་རྒྱ་མཚོ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུ་ཆིང་ཏའོ་རུ་འབྱོར་བ།

    ཡུལ་སྐོར་མཚོ་གྲུ་ཆེ་གྲས་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་མི་མངོན་པའི་དམ་འཛིན་བྱ་གཞིར་བརྩིས་ནས་ཀྲུང་གོའི་ཕྱོགས་ཁག་གི་དོ་ཁུར་ཐོབ་ཡོད། ཀྲུང་གོས་ཡུལ་སྐོར་མཚོ་གྲུའི་མཚོ་ལམ་དང་ཡུལ་སྐོར་ཐོན་རྫས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས། ཡུལ་སྐོར་མཚོ་གྲུའི་སྐྱེལ་འདྲེན་ཁེ་ལས་ཀྱིས་མཚོ་ཐོག་དར་གོས་ལམ་བུ་དང་གོ་ལ་ཧྲིལ་པོའི་ཡུལ་སྐོར་སོགས་མཚོ་ལམ་རིང་པོ་གསར་སྤེལ་ལ་སྐུལ་ལྕག་བྱས་ཏེ“ཡུལ་སྐོར་མཚོ་གྲུ་+”ཀྱི་འཛད་སྤྱོད་རྣམ་པ་གསར་པ་གསར་སྤེལ་བྱས་ཡོད།

    མིག་སྔར་ཀྲུང་གོའི་ཡུལ་སྐོར་མཚོ་གྲུའི་ཐོན་ལས་ད་དུང་འཕེལ་རྒྱས་ཀྱི་དུས་འགོར་གནས་ཡོད། རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུ་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོར་གོ་ལ་ཧྲིལ་པོའི་ཡུལ་སྐོར་མཚོ་གྲུས་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་ཁྲི་3770ཟིན་ཡོད། གཞན་ཡང《2025ལོའི་ཀྲུང་གོའི་ཡུལ་སྐོར་མཚོ་གྲུའི་ཐོན་ལས་འཕེལ་རྒྱས་ཀྱི་སྙན་ཞུ》གཞིར་བཟུང་། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོའི་ཡུལ་སྐོར་མཚོ་གྲུ་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་204.7ཟིན་ཡོད། ཀྲུང་གོའི་འཛད་སྤྱོད་པའི་ཡུལ་སྐོར་གྱི་དགོས་མཁོ་ད་དུང་ཆེ་རུ་འགྲོ་བཞིན་ཡོད། གྲངས་གཞི་ལས་མངོན་པར། 2025ལོར་ཀྲུང་གོའི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་65.22ཟིན་པ་དེ་དུས་མཚུངས་ལས་16.2%འཕར་ཡོད།

    དཔྱིད་གསར་དུས་ཆེན་དང་། ངལ་རྩོལ་དུས་ཆེན། རྒྱལ་སྟོན་སོགས་ཁྲིམས་གཏན་འཁེལ་བའི་གུང་གསེང་རིང་། མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ལ་རྟག་ཏུ་མི་ཚོགས་ཀྱིས་ཁེངས་ཡོད། ལོ་ན་རྒན་པའི་འགྲུལ་པ་དང་དེ་བཞིན་མི་ཚོགས་མང་སར་འགྲོ་འདོད་མེད་པའི་ཡུལ་སྐོར་མི་ཚོགས་གཞན་དག་གི་ངོས་ནས་བརྗོད་ན། ཡུལ་སྐོར་མཚོ་གྲུ་དེ་ཡུལ་སྐོར་ལ་འཚམ་པ་དང་དེ་བས་བག་ཕེབས་ཀྱི་གདམ་ག་ཞིག་ཏུ་གྱུར་ཡོད་ལ། ཡུལ་སྐོར་མཚོ་གྲུའི་གཉེར་སྐྱོང་ཁེ་ལས་ཀྱིས་ཀྱང་མི་མངོན་པའི་དགོས་མཁོ་དེ་དག་ནུས་ཤུགས་ཡོད་རྒུས་སྔོག་འདོན་བྱེད་བཞིན་ཡོད།

    —— 《རི་པིན་དཔལ་འབྱོར་གསར་འགྱུར་གྱི་ཨེ་ཤེ་ཡའི་དཔྱད་གཏམ》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།