ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཟླ་གཉིས་བསྟུད་མར་ཁྲི་90ལྷག་ཙམ་ཟིན་པ།

ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2026ལོའི་ཟླ་5པར། རང་རྒྱལ་གྱིས་རླངས་འཁོར་ཁྲི་93ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་68.7%འཕར་བ་དང་ཟླ་གཉིས་བསྟུད་མར་རླངས་འཁོར་ཁྲི་90ཡན་ཟིན་ནས་འཕེལ་རྒྱས་ཀྱི་མཉེན་གཤིས་དང་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་ཙམ་མངོན་ཡོད། འདི་ནི་རང་རྒྱལ་གྱིས་བཟོས་པའི་རླངས་འཁོར་འབོར་ཆེན་ཧྲན་ཏུང་གྲུ་ཁའི་ཡན་ཐའེ་གྲུ་ཁར་གྲུ་རྫོང་བརྒྱབ་ནས་ཕྱིར་གཏོང་བྱེད་རྩིས་ཡོད་པ།
འབྲེལ་ཡོད་གསར་འགྱུར།