མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྐང་རྩེད་སྤོ་ལོར་དགའ་བའི་ཕོ་གསར་ཚོ།
གངས་རིའི་འདབས་སུ་སྤོ་ལོ་རྒྱག་སྐབས་ཚོར་སྣང་ཅི་འདྲ་འདུག་གམ།
ས་བབ་སྨི་3800ཟིན་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་གེ་སར་ལུས་རྩལ་ཐང་དུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཁྲུག་ཆ་དོད་པས་ལྟད་མོ་ཧ་ཅང་ཆེ།
མགོ་ལོག་ཀྲོའུ་ཡི་གེ་སར་རུ་ཁག་གི་རུ་དཔོན་ཚེ་དབང་བསོད་ནམས་ཀྱིས་སྤོ་ལོར་ཤུགས་ཀྱིས་གཞུས་པས་སྤོ་ལོ་སྒོའི་ཟུར་ལ་འཛུལ་ནས་སྐར་གྲངས་2བསྡུར་2ལ་སླེབས་པ་དང་ཁོང་གིས་དགའ་ཚོར་ཆེན་པོས་ཀོ་ནཱར་ཁུལ་དུ་རྒྱུགས་ཏེ་སྤོ་ལོ་དབྱིངས་པ་ཚོར་ལག་པ་གཡུག་གཡུག་བྱས་ཤིང་། ལུས་རྩལ་ཐང་དེར་རེ་ཞིག་དགའ་འབོད་ཀྱི་སྒྲ་དང་ཐལ་མོའི་རྡེབ་སྒྲས་ཁེངས།བོད་ལྗོངས་ཉིན་རེའི་ཚགས་པར།བོད་ལྗོངས་ཉིན་རེའི་ཚགས་པར།མི་དམངས་ཉིན་རེའི་ཚགས་པར།མི་དམངས་ཉིན་རེའི་ཚགས་པར།
མགོ་ལོག་ཀྲོའུ་རུ་སླེབས་སྐབས་སྤྲིན་པའི་སྟེང་དུ་སླེབས་པའི་ཚོར་སྣང་ཞིག་སྦྱིན་ཞིང་། ས་བབ་སྨི་6000ལྷག་ཙམ་ཟིན་པའི་རྨ་ཆེན་གངས་རི་འགྱིང་ངེར་ཆགས་པ་དང་རི་སྐེད་དུ་སྤྲིན་དཀར་ལང་ལོང་དུ་འཁྲིགས། མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་སྤོ་ལོ་ཐང་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས་དེ་གར་ཡོང་མཁན་སྤོ་ལོའི་རུ་ཁག་སུ་ཡིན་རུང་ངེས་པར་དུ་བསམ་བློའི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་སྟེ། ཁྲག་དབྱང་90%མན་དང་ཆུའི་འཁོལ་ཚད་ཧྲེ་ཧྲི་ཏུའུ་90མན་དུ་སླེབས་པ་དང་སྤྱིར་བཏང་གི་མི་དེ་གར་གོམ་པ་མགྱོགས་ཙམ་སྤོས་ན་དབུགས་ཧལ་གྱི་ཡོད་པས་འགྲན་ཤུགས་ཆེ་བའི་རྐང་རྩེད་སྤོ་ལོ་བརྒྱབ་ན་དེ་བས་སྨོས་མེད་རེད།
འོན་ཏེ་མཐོ་སྒང་བ་ནི་རྐང་རྩེད་སྤོ་ལོ་རྒྱག་པར་དགའ་ཞེན་ཆེན་པོ་ཡོད། དཔེ་ཁུག་གཉིས་དང་ལྕི་བ་ཁག་གཉིས་སྤུངས་ཏེ་སྤོ་ལོའི་སྒོར་བརྩི་བ་དང་། སྤང་སྟེང་དང་ཐང་སྟེང་གང་ས་ནས་འབྲོག་ཁུལ་གྱི་ཕྲུ་གུ་ཚོའི་སྤོ་ལོ་རྒྱག་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། འགྱིམ་ལྷམ་བརྡོལ་ཡང་སྣང་བ་མི་གཏོང་ལ་སར་འགྱེལ་ཡང་ཇི་མི་སྙམ་པར་ཡར་ལངས་ཏེ་མུ་མཐུད་རྒྱག་ཤར་གློད་ཀྱི་ཡོད། ཁོང་ཚོའི་ངོས་ནས་བརྗོད་ན་དེ་ནི་གངས་རི་དང་རྩྭ་ཐང་གཞི་གཅིག་ཏུ་གྱུར་པའི་ཚོར་སྣང་ཞིག་རེད།
ས་མཐོའི་དམིགས་བསལ་ཁོར་ཡུག་ལས་ཁོང་ཚོའི་ལྷད་མེད་ཀྱི་གཤིས་རྒྱུད་གྲུབ་ཅིང་། ས་གནས་དེ་གའི་ཕོ་གསར་ལས་གྲུབ་པའི་སྤོ་ལོའི་རུ་ཁག་དེར“རྟ་རྒྱབ་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག”ཅེས་བརྗོད་ཀྱི་ཡོད། འགྲན་བསྡུར་ཐེངས་གཉིས་ནང་སྤོ་ལོ་གཉིས་བླུག་མཁན་ཚེ་དབང་བསོད་ནམས་ནི་སྤོ་ལོ་རུ་ཁག་དེའི་རྐང་འཛིན་པ་ཡིན་ཞིང་། མཐོ་རིམ་སློབ་འབྲིང་འགྲིམ་སྐབས་ཁོ་པ་ཟི་ལིང་གི་རྡོ་སྦ་ལུས་རྩལ་སློབ་གྲྭར་སྦྱོང་བརྡར་བྱེད་མྱོང་བ་དང་། ཀྲུང་གོའི་རྐང་རྩེད་སྤོ་ལོའི་ཀ་པ་རིམ་པའི་གྲ་སྒྲིག་རུ་ཁག་གི་ཆེད་ལས་སྤོ་ལོ་བ་ཞིག་ཡིན་ཞིང་། 2024ལོའི་སྐབས་དང་པོའི་མཚོ་སྔོན་རིམ་འདས་མཉམ་འབྲེལ་འགྲན་བསྡུར་འགོ་བཙུགས་རྗེས་ཁོ་པ་ཕ་ཡུལ་དུ་ལོག་ནས་སྤོ་ལོའི་སྟོད་གོས་ཨང་10པ་གྱོན་པ་དང་། “མགོ་ལོག་གི་ཚབ་བྱས་ཏེ་སྤོ་ལོ་རྒྱག་རྒྱུ་བྱུང་བ་ནི་ངའི་གཟི་བརྗིད་ཡིན”ཟེར།
“སྤོ་ལོ་རྒྱག་འགོ་ཚུགས་པའི་ཉིན་ནས་བཟུང་དེ་ནི་ངས་ཚེ་གང་རིང་སྒྲུབ་འདོད་པའི་བྱ་བ་ཞིག་ཡིན་པ་སེམས་ལ་འཁོར་བྱུང”རྐང་རྩེད་སྤོ་ལོ་བརྒྱབ་པ་ལས་ཚེ་དབང་བསོད་ནམས་ཀྱིས་ཕྱི་ཕྱོགས་ཀྱི་འཛམ་གླིང་ལ་རྒྱུས་མངའ་བྱུང་བ་དང་། ཁོ་པར་སྟབས་བདེ་ལ་བབ་ཆགས་པའི་བསམ་འདུན་ཞིག་ཡོད་པ་སྟེ“རང་ཉིད་ཀྱིས་ཤེས་པ་མཐའ་དག་ས་མཐོའི་ཕྲུ་གུ་ཚོར་བསླབས་ཏེ་ཁོང་ཚོའང་རྐང་རྩེད་སྤོ་ལོར་དགའ་ཞེན་ཆེ་བ་དང་རི་ཁུག་ནས་ཕྱིར་སྐྱོད་རྒྱུ་དེ་ཡིན”
རྡོ་ཧྲུག་གི་སྤོ་ལོ་ཐང་ནས་སྤང་ལྗོངས་ཀྱི་སྤོ་ལོ་ཐང་བར་དང་རི་ཐང་དུ་སྤོ་ལོ་རྒྱག་པ་ནས་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་པའི་བར་གཙང་གསུམ་ཆུ་འགོར་ཀྲོའུ་ནས་རྫོང་བར་དང་དེ་ནས་སློབ་གྲྭ་བར“མི་ཚང་མས་རྐང་རྩེད་སྤོ་ལོ་རྒྱག་པའི”དར་སྲོལ་ཞིག་ཆགས། མགོ་ལོག་ཀྲོའུ་ཡི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ལ་ཞུགས་མཁན་རུ་ཁག་100ལྷག་ཙམ་ཟིན་པ་དང་འགྲན་བསྡུར་ལ་ཞུགས་མཁན་གཞོན་ནུ་ལོ་ཆུང་གི་སྤོ་ལོ་བ་3000ལྷག་ཙམ་ཡོད། སྤོ་ལོ་སྤྲོ་སྐྱིད་ཁང་གིས་འབྲོག་ཁུལ་དུ་ཆེད་མངགས་མི་འདེམས་པར་ཡོང་བ་དང་ཕྲུ་གུ་ཚོ་གཙང་གསུམ་ཆུ་འགོ་ནས་ཕྱི་ཕྱོགས་སུ་བསྐྱོད་འགོ་ཚུགས།
ལུས་རྩལ་དར་བས་རིག་གནས་ཡུལ་སྐོར་ལ་མཐུན་རྐྱེན་སྦྱར། མགོ་ལོག་ཀྲོའུ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་ཚེ་བརྟན་གྱིས“འཚོ་བའི་ཉམས་སྣང་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་མཉམ་འདྲེས་བྱས་ཏེ་མི་དེ་བས་མང་བས་ས་མཐོའི་གྲོང་ཁྱེར་དེ་ཤེས་རྟོགས་ཐུབ་པར་བྱ་རྒྱུ་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།