དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲེ་ཅང་ཆིང་ལུང་མན་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་ཟམ་སྣེ་མཐུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-27

    འདི་ནི་ཆིང་ལུང་མན་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་ཟམ་སྣེ་མཐུད་བཞིན་པ།

    ཟླ་6ཚེས་23ཉིན། བར་ཐག་ཆེ་བའི་སྒྲོམ་གསུམ་ལྕགས་སྒྲོམ་གདུང་ཟམ་སྟེ་ཆིང་ལུང་མན་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་ཟམ་སྣེ་བདེ་བླག་ངང་མཐུད་ཅིང་། ཟམ་པའི་གྲུབ་ཆ་གཙོ་བོའི་ཨར་ལས་ལེགས་གྲུབ་བྱུང་ནས་ཀྲེ་ཅང་ཉིང་པོའི་ཀྲོའུ་ཧྲན་གྲུ་ཁའི་ལིའུ་ཧོང་གཞུང་ལམ་ཟམ་ཆེན་གྱི་དུས་ཐེངས་གཉིས་པའི་ལས་གྲྭར་དུས་བཀག་ནང་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཆིང་ལུང་མན་ཟམ་ཆེན་ནི་ལིའུ་ཧོང་གཞུང་ལམ་ཟམ་ཆེན་གྱི་ཉིང་པོ་དང་ཀྲོའུ་ཧྲན་སྦྲེལ་མཐུད་བྱེད་པའི་འགག་རྩའི་མཚོ་སྒྲོལ་བགྲོད་ལམ་ཞིག་རེད། ཟམ་ཆེན་བསྐྲུན་རྗེས་མའེ་ཧྲན་དང་། ལིའུ་ཧོང་། ཧྥུའུ་ཏུའུ་བཅས་གླིང་ཕྲན་གསུམ་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཏེ། ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་དངོས་ཟོག་སྐྱེལ་འདྲེན་གྱི་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད། ཟམ་ཆེན་གྱི་སྤྱིའི་རིང་ཚད་སྨི་2212ཟིན་པ་དང་སྒྲོམ་གསུམ་ཐག་གཉིས་ཀྱི་ལྕགས་སྒྲོམ་གདུང་ཟམ་འཆར་འགོད་བྱས་ཏེ། སྒྲོལ་ཟམ་གཙོ་བོ་གཉིས་ཀྱི་ཁག་སོ་སོའི་རིང་ཚད་སྨི་756ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།