ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ཇ་མོལ་གཉེར་ནས་ཀྲུང་གོའི་ཤེས་དཔལ་དང་ཀྲུང་གོའི་འགྲོ་ལམ་ལ་དོ་ཁུར་བྱས་པ།
ཀྲུང་གོ་གསར་འགྱུར་མཐུན་ཚོགས་ཀྱིས་ཟླ་6ཚེས་23ཉིན་པེ་ཅིང་དུ་གསར་འགྱུར་ཇ་མོལ་གཉེར་ཞིང་། ཀྲུང་གོའི་རྒྱལ་ཁབ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ལྷན་ཚོགས་ཀྲུང་གོའི་ཤེས་དཔལ་དང་ཀྲུང་གོའི་འགྲོ་ལམ་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཞེ་མའོ་སུང་གདན་དྲངས་ནས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནུས་པ་དང་། ཀྲུང་གོའི་ཤེས་དཔལ། ཀྲུང་གོའི་འགྲོ་ལམ”ཞེས་པའི་བརྗོད་དོན་གཙོ་བོར་གཞིགས་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་སྤེལ་རེས་བྱས་པ་དང་འབྲེལ་དྲི་བར་ལན་ཡང་བཏབ་པ་རེད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་རེད། ཞེ་མའོ་སུང་གིས་ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ལོ་རྒྱུས་ཤེས་དཔལ་དབར་གྱི་འབྲེལ་བའི་རང་བཞིན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནུས་པ་དང་བཅོས་སྐྱོང་གི་ཐབས་ལམ་སོགས་ཀྱི་ཐད་ནས་འགྲེལ་བཤད་དང་མཉམ་སྤྱོད་བྱས་ཡོད། ཁོང་གིས། ཀྲུང་ཧྭའི་ཤེས་དཔལ་ལ་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། ཁོང་ཡངས་རང་བཞིན། ཞི་བདེའི་རང་བཞིན་བཅས་མངོན་གསལ་དོད་པོ་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི“ལམ”ཆེན་བརྟན་སྲུང་བྱེད་པ་དང་དུས་མཚུངས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བློ་གྲོས་བསྡུ་ལེན་གང་ལེགས་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ཉིང་བཅུད་དང་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད་ཅེས་བརྗོད།
ཞེ་མའོ་སུང་གིས་ད་དུང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་མཚན་ཉིད་རིག་པའི་བསམ་བློ་སོགས་ཀྱི་གནད་དོན་ལ་གསར་འགོད་པའི་དྲི་བར་ལན་བཏབ་ཡོད།
འབྲེལ་ཡོད་གསར་འགྱུར།