2026ལོའི་རྒྱལ་ཡོངས་ཀྱི་རྒན་རྒོན་གྱི་བདེ་ཐང་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ།
ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་ཀྱིས་2026ལོའི་རྒྱལ་ཡོངས་ཀྱི་རྒན་རྒོན་གྱི་བདེ་ཐང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ད་ལོའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་ནི“སྨན་སྤྱོད་ལུགས་མཐུན། རྒན་རྒོན་ཁམས་བདེ”ཞེས་པ་ཡིན་པ་དང་། དུས་ཚོད་ནི་ཟླ་6ཚེས་22ནས་ཚེས་28ཉིན་བར་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྒན་རྒོན་གྱིས་སྨན་ཡང་དག་དང་། ལུགས་མཐུན། བདེ་འཇགས་བཅས་ཀྱི་སྒོ་ནས་སྤྱོད་རྒྱུར་འགན་ལེན་ཇི་ལྟར་བྱ་རྒྱུ་དེ་སྨན་བཅོས་ཀྱི་སྤུས་ཚད་དང་ནད་པའི་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། རྒན་རྒོན་ཚོགས་སྤྱིའི་བདེ་ཐང་དང་འཚོ་བའི་སྤུས་ཚད་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ད་ལོའི་རྒྱལ་ཡོངས་ཀྱི་རྒན་རྒོན་གྱི་བདེ་ཐང་དྲིལ་བསྒྲགས་གཟའ་འཁོར་རིང་ས་གནས་ཁག་གིས་རྒན་རྒོན་གྱི་བདེ་ཐང་དང་བདེ་འཇགས་སྨན་སྤྱོད་སོགས་ལ་དམིགས་ཏེ་སྨན་ལུགས་མཐུན་ངང་སྤྱོད་པའི་དྲིལ་བསྒྲགས་དང་། འོས་འགན་སྨན་བཅོས། བདེ་ཐང་བློ་འདྲི་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།