མངའ་རིས་ས་ཁུལ་གྱིས་ལུད་སྙོལ་བའི་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་ལས་ཐོན་སྐྱེད་འགན་ལེན་བྱེད་པ།
མིག་སྔར། མངའ་རིས་ས་ཁུལ་གྱིས་ཞིང་ནང་གི་གཡོག་བྱེད་ལས་དོན་ལ་དམ་འཛིན་བྱེད་པའི་འགག་རྩའི་དུས་སྐབས་སུ་ཚན་རྩལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ལྕི་བ་དང་རིལ་མའི་ལུད་སྙོལ་བའི་ལག་རྩལ་ཁྱབ་གདལ་བཏང་ནས། རྨོ་ཞིང་གི་ས་རྒྱུ་ལེགས་བཅོས་ནུས་ལྡན་དང་རྫས་ལུད་སྤྱོད་ཉུང་དུ་བཏང་སྟེ། ཞིང་ལས་ཐོན་སྐྱེད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས་ཆེད་དོན་མ་དངུལ་སྒོར་ཁྲི་202བཏང་ནས་ལྕི་བ་དང་རིལ་མའི་ལུད་སྙོལ་བའི་ལག་རྩལ་ཁྱབ་གདལ་བཏང་སྟེ་རྨོ་ཞིང་གི་ས་རྒྱུ་ལེགས་སུ་བཏང་ཡོད། དེ་ཡང་ས་གནས་དེ་གས་ལུད་བསྙལ་ས་ལུགས་མཐུན་ངང་འདེམས་པ་དང་། མ་བཅོས་རྒྱུ་ཆའི་བསྡུར་ཚད། རྒྱུ་ཆ་སྙོམས་བསྲེས། ལུས་སྙོལ་བའི་ཚད་ལྡན་ལག་རྩལ་གྱི་བརྒྱུད་རིམ་བཅས་ཁ་གསལ་བཟོས་པ་མ་ཟད། རུལ་སྨན་ཉོ་སྒྲུབ་དབོར་འདྲེན་དང་། མ་བཅོས་རྒྱུ་ཆ་ལྕི་བ་དང་རིལ་མ་གསོག་འཇོག་སོགས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་སྔོན་ཚུད་ནས་ལེགས་པར་བསྒྲུབས་ཡོད་པ་རེད། དེ་དང་ཆབས་ཅིག ཁ་གསབ་སྤྲོད་པའི་སྲིད་ཇུས་བཏོན་ནས་ལུད་སྙོལ་བའི་ལས་དོན་ནང་ཞུགས་མཁན་ཆེད་ལས་མཉམ་ལས་ཁང་ལ་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།
མིག་སྔའི་བར་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་6དེའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་ལུད་བསྙལ་ས་6བཟོས་ཡོད་པ་དང་། རིམ་རྩིས་བྱས་ན། རྒྱུ་ཆ་ལྕི་བ་དང་རིལ་མ་སྨི་རྒྱ་དཔངས་གྲུ་བཞི་6700ལྷག་ཙམ་དབོར་འདྲེན་བྱས་ནས་སྐྱེ་ལྡན་ལུད་སྤུས་ལེགས་སྨི་རྒྱ་དཔངས་གྲུ་བཞི་7700ལྷག་ཙམ་བསྙལ་ཡོད་པ་དང་། སྔོན་དཔག་བྱས་ན་ཁ་གསབ་སྒོར་ཁྲི་130ལྷག་ཙམ་སྤྲོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།