མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་རུ་ས་ཡོམ་རིམ་པ་5.2བརྒྱབ་པར་ཆུ་བེད་པུའུ་ཡིས་ཆུ་བེད་ཡོམ་འགོག་རྒུད་སྐྱོབ་ཀྱི་བཀོད་གཏོང་བཀོད་འདོམས་ལམ་སྲོལ་འཕྲལ་མར་སྤྱད་པ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་6ཚེས་23ཉིན་གྱི་ཆུ་ཚོད་23དང་སྐར་མ་29ཙམ་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཐད་སྐྱོང་ཁུལ་དུ་ས་ཡོམ་རིམ་པ་5.2བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་8ཟིན་ཡོད། ཆུ་བེད་པུའུ་ཡིས་ཆུ་བེད་ཡོམ་འགོག་རྒུད་སྐྱོབ་ཀྱི་བཀོད་གཏོང་བཀོད་འདོམས་ལམ་སྲོལ་འཕྲལ་མར་སྤྱོད་འགོ་ཚུགས་ཤིང་། ཆེད་དོན་གྲོས་མོལ་སྒྲིག་འཛུགས་བྱེད་པ་དང་། ས་ཡོམ་བརྒྱབ་པ་ལས་ཆུ་བེད་ལས་གྲྭ་དང་དེ་བཞིན་ཆུ་ལོག་སྔོན་འགོག་དང་ཆུ་མཁོ་འདོན་སོགས་ལ་ཤུགས་རྐྱེན་ཐེབས་པར་དབྱེ་ཞིབ་བྱེད་པ། ཡོམ་ཁུལ་གྱི་ཆར་ཆུའི་གནས་ཚུལ་ལ་བརྡར་གཅོད་བཅས་བྱས་ཏེ་ཆུ་བེད་ཀྱི་ཡོམ་འགོག་རྒུད་སྐྱོབ་ལས་དོན་བཀོད་སྒྲིག་བྱས་ཡོད།
ཆུ་བེད་པུའུ་ཡིས་རྒྱལ་ཡོངས་ཀྱི“ཆུ་བེད་ས་བཀྲ་གཅིག”གི་དབྱེ་ཞིབ་ལ་གཞིགས་ནས། ཡོམ་ཁུལ་གྱི་གཙང་པོ་དང་དེ་བཞིན་ཆུ་བེད་ལས་གྲྭ་ཁྱབ་ཚུལ་འཕྲལ་དུ་གྲལ་བཤེར་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་ས་གནས་ལ་ཆུ་བེད་ལས་གྲྭའི་ཡོམ་སྐྱོན་སོགས་ཀྱི་གནས་ཚུལ་འཕྲལ་མར་མཐིལ་བཤེར་བྱ་རྒྱུའི་མཛུབ་ཁྲིད་ཀྱང་བྱས་ཡོད། གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་གྱིས་དབྱེ་ཞིབ་རགས་ཙམ་བྱས་པ་བརྒྱུད། ཡོམ་ཁུལ་གྱི་གཙང་ཆུའི་ཆུ་ཁ་བརྟན་ལ་ཆུ་མཛོད་སོགས་ཆུ་བེད་ལས་གྲྭ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ཡོད།
སྔོན་བརྡའི་ནང་ཡོམ་ཁུལ་དུ་དེ་རིང་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་སང་ཉིན་དང་གནངས་ཉིན་ཆར་པ་འབབ་ཀྱི་མེད་ཅིང་། ཆུ་བེད་པུའུ་ཡིས་ཡོམ་ཁུལ་གྱི་ཆར་ཆུའི་གནས་ཚུལ་དང་དེ་བཞིན་ཆུ་བེད་ལས་གྲྭའི་འཁོར་སྐྱོད་གནས་ཚུལ་ལ་རྒྱུན་མཐུད་དོ་ཁུར་དམ་ཟབ་བྱས་ཏེ། ས་གནས་ཆུ་བེད་སྡེ་ཚན་གྱིས་ཡོམ་ཁུལ་གྱི་ཆུ་བེད་ལས་གྲྭའི་ཡོམ་སྐྱོན་གྲལ་བཤེར་དང་ཐག་གཅོད་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱ་རྒྱུའི་མཛུབ་ཁྲིད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།