མཚོ་སྔོན་གྱི་ཐོན་ལས“གནས་བཞིའི”ཆེད་དོན་འོས་སྦྱོར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་23ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཐོན་ལས“གནས་བཞིའི”འོས་སྦྱོར་གྲོས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་པའི་ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་དེ་ནི་མཚོ་སྔོན་ཞིང་ཆེན་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ལས་སྟེགས་བརྒྱུད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལམ་བུ་རྒྱུན་མཐུད་རྒྱ་སྐྱེད་དང་། ཐོན་ལས་འཁོར་འབྲེལ་ཚོང་འགུགས་གནད་སྨིན་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་བཟོ་ཚོང་སྒྲིག་གཞི་དང་། རྒྱལ་སྒྲོལ་ཚོང་ལས་མཐུན་ཚོགས། འཛམ་གླིང་གི་ཁེ་ལས་རྩེ་གྲ་500 རྒྱལ་ནང་གི་གཙོ་གནད་ཐོན་ལས་འཁོར་འབྲེལ། དེ་བཞིན་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སྒྲིག་གཞི་བཅས་ཀྱི་འཐུས་མི་120ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
འོས་སྦྱོར་ཚོགས་འདུ་ཚོགས་ཡུལ་དུ། མཚོ་སྔོན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས“གནས་བཞིའི”འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ནས། ས་མཐོའི་ལྗང་མདོག་ཐོན་ལས་གོ་ལ་ཧྲིལ་པོའི་ཁྲོམ་ར་དང་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་ལས་སྟེགས་བསྐྲུན་ཡོད། འོས་སྦྱོར་ལྷུ་ཚིགས་སུ། སྒྲོག་འགྲེལ་སྐུ་མགྲོན་གྱིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས། ནུས་རྒྱུ་གཙང་མ་དང་ནུས་གསོག་ཐོན་ལས། ས་མཐོའི་ཁྱད་ལྡན་ཞིང་ལས། གཙོ་གནད་ཚོང་དོན་མ་འཇོག་རྣམ་གྲངས། དེ་བཞིན“མཚོ་སྔོན་གྱི་གསོལ་སྟོན”ཁྱད་ལྡན་སྤུས་རྟགས་བཅས་རེ་རེ་བཞིན་ངོ་སྤྲོད་བྱས་ཏེ། ཕྱོགས་གང་ས་ཅི་ཐད་ནས་མཚོ་སྔོན་གྱི་ཐུན་མིན་གྱི་གནས་ཁུལ་ཆ་རྐྱེན་དང་། ཐོན་ཁུངས་གསོག་འཇོག ཐོན་ལས་རྨང་གཞི། ཁྱད་ལྡན་ཐོན་རྫས་ཀྱི་དགེ་མཚན་བཅས་ལ་འགྲེལ་བཤད་བརྒྱབ་ནས། མཚོ་སྔོན་གྱིས་རང་འགུལ་ངང་ཕྱི་ཕྱོགས་སྒོ་དབྱེ་དང་། གོ་ལ་ཧྲིལ་པོའི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པ། ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་ཐོན་ལས་འཁོར་འབྲེལ་མཉམ་སྒྲུབ་འཕེལ་རྒྱས་མ་ལག་མཉམ་དུ་སྐྲུན་པའི་མཉམ་ལས་ཀྱི་ལྷག་བསམ་གང་ལེགས་མཚོན་པར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།