དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ད་ལོ་ཚུན་དུ་བོད་ལྗོངས་སྐྱིད་གྲོང་འགག་སྒོ་ནས་འཛུལ་གྲོལ་བྱེད་མཁན་མི་ཐེངས་ཁྲི་10ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-26

    འདི་ནི་ཟླ་6ཚེས་23ཉིན། སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་སུ་འཛུལ་མཁན་ཡུལ་སྐོར་བར་ལམ་ཡིག་གཉེར་བཞིན་པ།

    འདི་ནི་ཟླ་6ཚེས་23ཉིན། སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འགག་སྒོའི་ཚོད་འཛིན་ཁུལ་དུ་ཁ་ལོ་བ་དང་འགྲུལ་པའི་ལག་ཁྱེར་ལ་ལྟ་བཤེར་བྱེད་བཞིན་པ།

    སྐྱིད་གྲོང་འགག་སྒོ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཀྲུང་ནེའི་མཐའ་མཚམས་སུ་གནས་ཡོད། 2026ལོ་ཚུན་ཀྲུང་ནེའི་རྒྱལ་སྒྲོལ་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་དང་སྦྲགས་མཐའ་མཚམས་མང་ཚོགས་ཀྱི་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། འགག་སྒོའི་རྒྱལ་སྒྲོལ་ཚོང་དོན་འགྲོ་འོང་དང་། སྒེར་འཁོར་བཏང་ནས་ཕྱིར་སྐྱོད་པ། ཚོགས་པའི་ཡུལ་སྐོར་སོགས་འགྲུལ་རྒྱུན་ཆེས་ཆེར་འཕར་བ་དང་། འགག་སྒོ་སྒྲོལ་མཁན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། རྒྱལ་ཁབ་གསུམ་པའི་རྒྱལ་མཚམས་སུ་འཛུལ་མཁན་ཡུལ་སྐོར་བའི་གྲངས་འབོར་མངོན་གསལ་དོད་པོས་འཕར་བ། འགག་སྒོའི་ཕྱི་ཕྱོགས་སྒོ་དབྱེའི་གསོན་ཤུགས་རྒྱུན་མཐུད་འཕེལ་ཡོད། ཟླ་6ཚེས་23ཉིན་གྱི་ཆུ་ཚོད་11དང་སྐར་མ་58བར་རིམ་རྩིས་བརྒྱབ་ན། ད་ལོ་བོད་ལྗོངས་སྐྱིད་གྲོང་འགག་སྒོ་ནས་འཛུལ་གྲོལ་བྱེད་མཁན་མི་ཐེངས་ཁྲི་10ལས་བརྒལ་ཏེ་དུས་མཚུངས་ལས་12.85%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།