གྲངས་རིག་དུས་རབས་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་ཀྲུང་གོའི་ཇུས་གཞི་སྐྱེས་སུ་འབུལ་དགོས།
ཁྲེན་པིན།
འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རྩ་དོན་དེ་ཉིད་དངོས་སྒྲུབ་བྱ་སྤྱོད་ལ་འགྱུར་བའི་ལམ་སྲོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས《བྱ་སྤྱོད་འཆར་གཞིའི》དམིགས་ཡུལ་ནི་རྒྱལ་ཁབ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་ཁེ་དབང་ཁག་མངོན་འགྱུར་ཡོང་བར་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་ཏེ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི(2026ལོ་ནས་2030ལོ་བར)》(གཤམ་དུ《བྱ་སྤྱོད་འཆར་གཞི》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དེ་འཆར་འགོད་ཀྱི་དུས་ཐེངས་ལྔ་པར་སླེབས་པ་མཚོན་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རྩ་དོན་དེ་ཉིད་དངོས་སྒྲུབ་བྱ་སྤྱོད་ལ་འགྱུར་བའི་ལམ་སྲོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས《བྱ་སྤྱོད་འཆར་གཞིའི》དམིགས་ཡུལ་ནི་རྒྱལ་ཁབ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་ཁེ་དབང་ཁག་མངོན་འགྱུར་ཡོང་བར་མཐུན་རྐྱེན་བསྐྲུན་ཏེ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།
ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། དུས་ཐེངས་ལྔ་པའི《བྱ་སྤྱོད་འཆར་གཞིའི》དུས་རབས་ཀྱི་ཁྱད་ཆོས་ནི་གྲངས་རིག་ཅན་གྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་གཏིང་ཟབ་བྱེད་པ་དང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་རང་འགུལ་ངང་ལན་སློག་པའི་ཐད་ནས་གཅིག་སྡུད་མངོན་ཡོད། མིག་སྔར། གྲངས་རིག་ལག་རྩལ་བེད་སྤྱོད་རྒྱ་ཁྱབ་བྱས་པ་བརྒྱུད་ཐོན་སྐྱེད་ནུས་ཤུགས་གསར་མ་ཐོན་པ་དང་། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གསར་པ་གཏོད་པ་མ་ཟད། གྲངས་འཛིན་བདེ་འཇགས་ཀྱི་ཉེན་ཁ་དང་། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ། གྲངས་འཛིན་ཧེ་བག་ཆེ་རུ་ཕྱིན་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཡང་འཕྲད་ཡོད། ལག་རྩལ་གསར་སྒྱུར་ཁྲོད་འགྲོ་བ་མིའི་ལ་རྒྱ་དང་རིན་ཐང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པ་དང་། གསར་དར་ལག་རྩལ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ལ་རམ་འདེགས་ཇི་ལྟར་བྱེད་དགོས་པ་ནི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་འཕྲད་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཞིག་རེད།
དུས་ཐེངས་ལྔ་པའི《བྱ་སྤྱོད་འཆར་གཞིའི》ནང་གི་གྲངས་རིག་དུས་རབས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་སྐོར་གྱི་བཀོད་སྒྲིག་ནི་གཙོ་བོ་ཕྱོགས་གཉིས་ལ་གཞིགས་ནས་བྱས་ཡོད་པ་སྟེ། གཅིག་ནི་གྲངས་རིག་ལག་རྩལ་ལ་བརྟེན་ནས་དམངས་འཚོ་འགན་སྲུང་ལ་མཐུན་རྐྱེན་སྦྱར་ཞིང་། དུས་ཐེངས་ལྔ་པའི《བྱ་སྤྱོད་འཆར་གཞིའི》ནང་མི་གཙོ་བོར་འཛིན་པ་དང་རིག་ནུས་དགེ་བརྩོན་མཐའ་འཁྱོངས་ཀྱིས་གྲངས་རིག་ལག་རྩལ་དེ་དམངས་འཚོ་འགན་སྲུང་དང་། སྤྱི་ཚོགས་བཅོས་སྐྱོང་། རིག་གནས་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་དང་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་བཏང་སྟེ། གྲངས་རིག་རྣམ་པའི་ཁྲོད་ཁེ་དབང་མངོན་འགྱུར་བྱ་ཐབས་རྒྱ་སྐྱེད་ཧུར་ཐག་བཏང་ནས། དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་མཐོ་རུ་དང་ནུས་པ་ཆེ་རུ་ཧུར་ཐག་བཏང་ཡོད། ཀྲུང་གོས་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་ཆ་འཕྲིན་གེགས་མེད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོགས་སྤྱི་མི་འདྲ་བ་དང་ཁུལ་ཁོངས་མི་འདྲ་བའི་དབར་གྱི་གྲངས་འཛིན་ཧེ་བག་རྒྱུན་མཐུད་ཆུང་དུ་གཏོང་བ། གྲངས་འཛིན་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ཀུན་ཕན་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་འདོགས་པ་བཅས་བྱས་ཏེ། གྲངས་འཛིན་དུས་རབས་སུ་མི་ཚང་མར་ལ་རྒྱ་ཡོད་པ་དང་འདྲ་མཉམ་ངང་ཁེ་དབང་མངོན་འགྱུར་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་བཞིན་ཡོད།
གཉིས་ནི་ལམ་ལུགས་བཅོས་སྐྱོང་ལ་བརྟེན་ནས་ལག་རྩལ་གྱི་དབང་གནོད་ཉེན་ཁ་འགོག་ཟོན་བྱས་ཤིང་། མིག་སྔར། མི་ཐབས་རིག་ནུས་མཚོན་བྱེད་དུ་བྱས་པའི་གསར་དར་ལག་རྩལ་མགྱོགས་མྱུར་གསར་སྒྱུར་བྱས་པས། འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བྱུང་བ་དང་ཆབས་ཅིག ལག་རྩལ་མི་ཆོས་དང་གྲངས་གཞིའི་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་དོན་ཡང་ཐོན་ཡོད། དུས་ཐེངས་ལྔ་པའི《བྱ་སྤྱོད་འཆར་གཞིའི》ནང་མཛེས་སྡུག་ལྡན་པའི་གྲངས་རིག་འཚོ་བ་གཏོད་རྒྱུ་ཕྱོགས་སྟོན་དུ་བཟུང་ནས་གསར་དར་ལག་རྩལ་བེད་སྤྱོད་ཚད་ལྡན་དུ་གཏོང་བའི་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པ་བཏོན་པ་སྟེ། ལག་རྩལ་གསར་པ་དང་ལས་རྣམ་གསར་པའི་བདེ་འཇགས་ལྟ་འདོམས་སྒྲོམ་གཞི་ཁ་གསལ་དང་འཐུས་སྒོ་ཚང་དུ་བཏང་ཡོད་ལ། རིམ་པ་མང་བའི་ཉེན་འགོག་ལམ་ལུགས་མ་ལག་ཀྱང་བཙུགས་ཡོད།
དུས་ཐེངས་ལྔ་པའི《བྱ་སྤྱོད་འཆར་གཞི》དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས། གྲངས་རིག་དུས་རབས་སུ་མིའི་ལ་རྒྱ་སྲུང་སྐྱོང་དང་མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཇུས་གཞིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ཆུ་ཚད་སྐས་རིམ་གསར་པར་སླེབས་པར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད་ལ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་སྟོབས་ཤུགས་གསར་པ་སྐྱེས་སུ་འབུལ་བཞིན་ཡོད།
(རྩོམ་པ་པོ་ནི་ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ཆེད་མངགས་གདན་ཞུས་ཞིབ་འཇུག་པ་གཞོན་པ་ཡིན)
འབྲེལ་ཡོད་གསར་འགྱུར།