དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་གནམ་གཤིས་རིགས་གཅིག་མཁས་ཅན་ལ་རྒྱལ་སྤྱིའི་གནམ་གཤིས་རྩ་འཛུགས་ཀྱི་བྱ་དགའ་རག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-26

    ཟླ་6ཚེས་24ཉིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་རི་ནེ་ཝར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཀྲུང་གོ་གནམ་གཤིས་ཅུས་སྲུང་སྐར་གནམ་གཤིས་ཀྱི་རིགས་གཅིག་མཁས་ཅན་ཞུས་ཅན་མིན་ལ་སྐབས་70པའི་རྒྱལ་སྤྱིའི་གནམ་གཤིས་རྩ་འཛུགས་ཀྱི་བྱ་དགའ་སྤྲད་དེ། ཁོང་གིས་གནམ་གཤིས་སྔོན་བརྡ་དང་སྲུང་སྐར་གནམ་གཤིས་བྱ་གཞག་དང་དེ་བཞིན་གནམ་གཤིས་ལས་སྒོའི་ཞབས་ཞུའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་གཟེངས་བསྟོད་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཞུས་ཅན་མིན་གྱིས་བྱ་དགའི་དངུལ་ཚང་མ་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་བཙུགས་པའི“མཱ་ཙུའུ”བྱ་དགར་ཞལ་འདེབས་བརྒྱབ་ཡོད། འདི་ནི་གོང་ཚེས་ཉིན། སུའེ་ཙེར་གྱི་རི་ནེ་ཝར་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཆེ་སའེ་ལའེ་སི་ཐེ·ཧྲའོ་ལུའོ(གཡོན)ཡིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཀྲུང་གོ་གནམ་གཤིས་ཅུས་སྲུང་སྐར་གནམ་གཤིས་ཀྱི་རིགས་གཅིག་མཁས་ཅན་ཞུས་ཅན་མིན་ལ་སྐབས་70པའི་རྒྱལ་སྤྱིའི་གནམ་གཤིས་རྩ་འཛུགས་ཀྱི་བྱ་དགའ་སྤྲོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།