ཀྲེ་ཅང་དབྱི་ཝུའུ་རུ་དྲ་ཐོག་ཚོང་པ་མང་པོ་འཛོམས་པ།

ཟླ་6ཚེས་23ཉིན། 2026ལོའི་ཀྲེ་ཅང་དྲ་ཐོག་ཚོང་དོན་འགྲེམས་ཚོགས་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོག་འགོ་ཚུགས་ཤིང་། འགྲེམས་ཚོགས་ཐོག་དྲ་ཚོང་ཐོན་རྫས་འདེམས་པ་དང་། མཁོ་སྤྲོད་འཁོར་འབྲེལ། རྒྱལ་སྒྲོལ་ཟོག་འགྲུལ་སོགས་འཁོར་འབྲེལ་ཧྲིལ་པོའི་ཐོན་ཁུངས་གཅིག་འཐུས་མཁོ་འདོན་གྱིས་ཁེ་ལས་ཁག་ལ་ལས་ཕྱོད་ཆེན་པོས་ཕྱིར་གཏོང་བྱ་རྒྱུའི་རམ་འདེགས་བྱས་པས། རྒྱལ་ཁབ་ཕྱི་ནང་གི་ཉོ་སྒྲུབ་ཚོང་པ་མང་པོའི་ཡིད་དབང་བཀུག་ཡོད། འདི་ནི་ཟླ་6ཚེས་23ཉིན། རྒྱལ་སྒྲོལ་ཟོག་འགྲུལ་ཁེ་ལས་ཤིག་གི་ལས་དོན་པས་ཐུར་ཁེའི་ཚོང་པ་ཞིག་དང་ཕྱིར་གཏོང་མཚོ་ཐོག་སྐྱེལ་འདྲེན་གྱི་ལས་སྒོའི་སྐོར་གྲོས་མོལ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།