དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་166པ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-26

    གསར་འགོད་པར་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་མཉམ་འབྲེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་22ཉིན། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས166པ་སྤེལ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་དེ་འགུལ་སྡོད་ཟུང་འབྲེལ་དང་ཆུ་ཐོག་དང་སྐམ་ས་མཉམ་འགུལ་གྱིས་ཁྱོན་ཁྲིམས་སྒྱུར་གྲུ་གཟིངས་6དང་ཁྲིམས་སྒྱུར་མི་སྣ་106བཏང་བ་དང་། ཀྲུང་གོ་ཕྱོགས་ཀྱི་གྲུ་གཟིངས་53107རྟགས་ཅན་གྱི་ཐོག་བཙུགས་པའི་བཀོད་འདོམས་ཁང་དུ་རྒྱལ་ཁབ་བཞིའི་བཀོད་འདོམས་དཔོན་གྱིས་བཀོད་འདོམས་མཉམ་དུ་བྱས་ཤིང་། ཕྱོགས་ཁག་གིས་དུམ་བུ་དབྱེ་ནས་སྐོར་གཡེང་མཚོ་འགྲུལ་བྱས་རྗེས་སྔོན་གཏན་འཁེལ་བའི་ཆུ་ཁོངས་སུ་མཉམ་འཛོམས་བྱས་ཏེ་ཆུ་ཐོག་དང་སྐམ་ས་མཉམ་འབྲེལ་གྱི་སྐོར་གཡེང་དང་། མཉམ་འབྲེལ་ཞིབ་བཤེར། མཉམ་འབྲེལ་བཅའ་སྡོད་སྦྱོང་བརྡར་སོགས་ཀྱི་ཁྲིམས་སྒྱུར་བྱ་སྤྱོད་མཉམ་དུ་སྤེལ་རྒྱུ་རེད། དེ་དང་ཆབས་ཅིག རྒྱལ་ཁབ་བཞིའི་ཁྲིམས་སྒྱུར་སྡེ་ཚན་གྱིས་སྐད་རིགས་མང་པོའི་སྒྲོག་འགྲེལ་དང་། དུད་ཚང་དུ་བསྐྱོད་ནས་ཚན་རིག་ཁྱབ་གདལ། ས་ཡུལ་དངོས་སུ་ཁྲིམས་ལུགས་ཁྱབ་གདལ་སོགས་ལ་བརྟེན་ནས“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཡང་སྤེལ་རྒྱུ་རེད།

    བྱ་སྤྱོད་སྤེལ་འགོ་མ་ཚུགས་གོང་། ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་ཁྲིམས་སྒྱུར་སྡེ་ཚན་གྱིས་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧོང་གྲོང་ཁྱེར་དུ་གནས་པའི་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་གྱི་མཉམ་འབྲེལ་བཀོད་འདོམས་པུའུ་རུ་བཀོད་འདོམས་དཔོན་གྱི་མཉམ་ཞུགས་ཚོགས་འདུ་འཚོགས་ཤིང་། ཕྱོགས་ཁག་གིས་བྱ་སྤྱོད་ཀྱི་ཇུས་གཞི་དང་ཁྲིམས་སྒྱུར་གྱི་གཙོ་གནད་སོགས་ཀྱི་ནང་དོན་ལ་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས་པ་དང་འབྲེལ། ཐུན་མོང་གི་ངོས་འཛིན་བྱུང་བ་དང་། “དུག་འགོག་ལ་རྒྱལ་མཚམས་མེད། མཉམ་དུ་དུག་རྫས་མེད་པར་བཟོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་མེ་ཀུང་གཙང་པོ་འབབ་རྒྱུད་ཀྱི་དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་ལས་འགན་གཙོ་བོར་བྱས་ནས་དྲ་ཐོག་གི་རྒྱན་འགྱེད་ཁ་བསླུས་དང་། རྒྱལ་སྒྲོལ་རྒྱན་འགྱེད། མི་བསླུ་འཚོང་། ལྐོག་སྒྲོལ། རྫུན་བཟོ་ལྐོག་འཚོང་། དངུལ་རྩའི་ཁ་བསླུས་སོགས་རྒྱལ་སྒྲོལ་ཉེས་གསོག་བྱེད་སྤྱོད་ལ་བཅོས་སྒྲིག་ནན་པོ་བྱས་ཏེ། མེ་ཀུང་གཙང་པོ་འབབ་རྒྱུད་ཀྱི་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད།

    བྱ་སྤྱོད་སྤེལ་རིང་། རྒྱལ་ཁབ་བཞིའི་ཁྲིམས་འཛིན་སྡེ་ཚན་ད་དུང་ལོ་སིའི་ཧུའེ་ཧྲའེ་རུ་བསྐྱོད་དེ་ཕྱོགས་མང་ཆ་འཕྲིན་སྤེལ་རེས་ཚོགས་འདུ་འཚོགས་ཏེ། འབབ་རྒྱུད་ཀྱི་ཉེ་དུས་བདེ་འཇགས་གནས་བབ་དང་དུག་རྫས་ཉེས་གསོག་གི་དུས་བབ་སྐོར་ལ་སྤེལ་རེས་བྱེད་པ་དང་། རྒྱལ་སྒྲོལ་ཁྲིམས་འགལ་ཉེས་གསོག་གི་གནས་ཚུལ་ལ་ཞིབ་འཇུག་བརྡར་ཤ་གཅོད་རྒྱུ་མ་ཟད། དུག་འགོག་འགག་སྒྲོལ་དང་། ཁུངས་སྣེ་མཉམ་སྤྱོད། གྱོད་གཞི་མྱུལ་ཞིབ་ཐག་གཅོད། ལམ་སྲོལ་འཛུགས་སྐྱོང་སོགས་མཉམ་ལས་ཀྱི་དོན་གནད་སྐོར་ལ་དམིགས་ནས་གྲོས་མོལ་དང་སྤེལ་རེས་བྱས་ཏེ་རྒྱལ་ཁབ་བཞིའི་ཁྲིམས་སྒྱུར་མཉམ་ལས་ཀྱི་ཕན་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་རྫ་ཆུ་དང་མེ་ཀུང་གཙང་པོ་འབབ་རྒྱུད་ཀྱི་བདེ་འཇགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།