ཧྥུའུ་ཅན་ལུང་ཡན་གྱིས་གསར་བརྗེའི་ཁུལ་རྙིང་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ།
རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱས། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཏན་ཏིག་བཏང་།
ཧྥུའུ་ཅན་ལུང་ཡན་གྲོང་ཁྱེར་ཧྲང་ཧང་རྫོང་ནི་རང་རེའི་ཏང་གིས་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་རྩ་དོན་གཏན་འཁེལ་བྱ་ཡུལ་དང་། རང་དམག་གི་ཆབ་སྲིད་ལས་དོན་གྱི་རྨང་གཞི་འདིང་ཡུལ། མི་དམངས་དམག་དཔུང་གསར་པ་དངོས་སུ་གཏན་འཁེལ་བྱ་ཡུལ་བཅས་རེད། བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་རིང་དེ་གར་སྔ་རྗེས་སུ་ཐེངས་བདུན་ཕེབས་ནས་ཀུའུ་ཐན་ཚོགས་འདུའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གནང་བ་རེད།
2014ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའུ་ཐན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུར་ཞུགས་ཤིང་། དམར་དམག་རྒན་གྲས་དང་སྔོན་གཤེགས་དམག་མིའི་ནང་མི་སོགས་དང་བྱམས་བརྩེའི་བཞུགས་མོལ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“ང་ཚོས་གསར་བརྗེའི་ཁུལ་རྙིང་དང་གསར་བརྗེའི་ཁུལ་རྙིང་གི་མི་དམངས་ནམ་ཡང་མ་བརྗེད་པར་གསར་བརྗེའི་ཁུལ་རྙིང་འཛུགས་སྐྲུན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱེད་དགོས”ཞེས་བརྩེ་བ་ཆེན་པོས་གསུངས་པ་རེད། 2024ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས“རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། གསར་བརྗེའི་ཁུལ་རྙིང་དང་སུའུ་ཁུལ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
ལུང་ཡན་གྲོང་ཁྱེར་དུ་ནགས་ས་མུའུ་ཁྲི་2300ལྷག་ཙམ་ཡོད་ཅིང་། “ལྗང་མདོག”ལ་བརྟེན་ནས་ཡོང་འབབ་གསོག་པ་དང“ལྗང་མདོག”ལ་བརྟེན་ནས་ལས་དོན་སྤེལ་བས་ལྗང་མདོག་དེ་ལུང་ཡན་དར་རྒྱས་གོང་འཕེལ་འགྲོ་བའི་མངོན་གསལ་དོད་པའི་ཐོན་ཁུངས་ཤིག་ཏུ་གྱུར་ཡོད། གྲོང་ཁྱེར་ཡོངས་ཀྱིས་ནགས་ཚལ་དང་ཐཱན་རྒྱུའི་སྤ་སེ་སོགས“སྤ་སེ་ལྔའི་ལམ་ལུགས”སྒྱུར་བཅོས་དང་མཉམ་ཕྱུག་ནགས་རའི་ཆེད་དོན་ཁ་གསབ་རོགས་སྐྱོར་ཁྱབ་གདལ་བཏང་ནས་རྫོང(གྲོང་ཁྱེར་དང་ས་ཁུལ)ཁག་གིས་རང་ངོས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཐབས་སྒྱུར་གོང་འཕེལ་གྱི་སྐྱེ་ཁམས་དམངས་ཕྱུག་ལམ་བུར་བསྐྱོད་ཡོད།
ཝུའུ་ཕིང་རྫོང་གིས་ནགས་དབང་ལག་ཁྱེར་ལ་བརྟེན་ནས་བེད་མེད་དུ་ལུས་པའི་རི་རྒོད་དུ་མེ་ཏོག་ཧྥུའུ་ཀུའེ་ཙེ་ཡུག་འབྲེལ་དུ་བཏབ་པ་དང་ནགས་ཁྲོད་ཀྱི་མེ་ཏོག་སོས་པའི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6ལྷག་ཙམ་ཟིན་གྱི་ཡོད།
ཧྲང་ཧང་རྫོང་གིས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ཏེ་ཧྥུའུ་ཅན་ཞིང་ཆེན་དུ་ཐུན་མོང་འབྱོར་ཕྱུག་གི་ཚོད་ལྟའི་རྫོང་སྔོན་ལ་བཏོད་པ་དང་ལུང་ཡན་གྱི་འབྲེལ་ཡོད་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གཤམ་དུ་བསྐྱོད་དེ་རྫོང་དེའི་ཚའེ་ཤིས་གྲོང་རྡལ་ལ་རོགས་སྐྱོར་བྱས་པ་རེད། ཚའེ་ཤིས་གྲོང་རྡལ་ཤིས་པེ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་སྐྱེད་སྲིང་ལྟེ་གནས་སུ་རིག་ལྡན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་དང་བྱ་རྔ་མོང་གསོ་སྤེལ་སོགས་ལས་རྣམ་སྣ་ཚོགས་འཕེལ་རྒྱས་བཏང་ནས་མི་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་ཁར་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད།
ཡུལ་བབ་དང་བསྟུན་ནས་ལུང་ཡན་གྱིས“ཤང་རེར་ཐོན་ལས་རེ་དང་གྲོང་ཚོ་རེར་ཐོན་རྫས་རེའི”བྱ་དགའི་ཁ་གསབ་ལམ་སྲོལ་ཁྱབ་གདལ་བཏང་སྟེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཞིང་། 2025ལོར་གྲོང་ཁྱེར་དེ་ཡོངས་སུ་ནགས་ལས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་619.97བྱུང་བ་དང་ནགས་ཁྲོད་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་275.75བྱུང་ནས་ནགས་ཚལ་འདེབས་མཁན་ཞིང་དུད་ཁྲི་18ལ་ཕན་པ་ཐོབ་པ་རེད།
ལུང་ཡན་དུ་ས་ཁོངས་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ཏེ་གསར་བརྗེའི་ཐོན་ཁུངས་དེ་རྒྱུན་མཐུད་དམངས་ཕྱུག་གི་འཕེལ་རྒྱས་ལེགས་ཆར་གྱུར་བཞིན་ཡོད་པ་རེད།
ཁྲང་ཐིང་རྫོང་ཀྲུང་ཧྥུའུ་གྲོང་ཚོ་ནི་དམར་དམག་འབུམ་ཤོག་དགུ་པའི་རྒྱང་སྐྱོད་ཀྱི་རྡོག་ཐོན་བྱ་ཡུལ་ཡིན་པ་དེར་གསར་བརྗེའི་ཤུལ་བཞག་ཁུལ་30ལྷག་ཙམ་ཆ་ཚང་བའི་སྒོ་ནས་ཉར་ཚགས་བྱས་པ་དང་དམར་དམག་སྔོན་གཤེགས་དཔའ་བོའི་རྗེས་རབས་པ་མི་རབས་གཉིས་ཀྱིས་འོས་འགན་འགྲེལ་བཤད་ཀྱི་རྒྱུན་བསྐྱངས་པ་རེད། 2025ལོའི་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་60ལས་ཚད་བརྒལ་བྱུང་བ་དང་གྲོང་མི་མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.2བྱུང་བ་རེད།
ཤིང་འབྲས་ར་བ་ནས་དྲི་ཞིམ་འཐུལ་བ་དང་གསར་བརྗེའི་ཁྲོམ་གཞུང་དང་སྲང་ལམ་དུ་ཡུལ་སྐོར་བ་མང་ཞིང་། ལུང་ཡན་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་ལམ་ཐིག་རྩེ་གྲ་35བཏོད་དེ་ཀུའུ་ཐན་ཚོགས་འདུ་འཚོགས་ཡུལ་དང་ཀྲུའུ་ཧྥུའུ་གྲོང་ཚོ་སོགས་ས་ཆ་དང་འབྲེལ་མཐུད་བྱས་ཏེ་2025ལོར་གྲོང་ཁྱེར་ཡོངས་ཀྱི་སོས་དལ་ཞིང་ལས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་32.32བྱུང་ཡོད།
ལུང་ཡན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཧྲེང་གིས“གསར་བརྗེའི་གནས་མཆོག་ལུང་ཡན་དུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། རི་སྔོན་ཆུ་དྭངས་ཀྱི་རང་མདངས་ཡག་པོ་སྲུང་བ། དམངས་ཕྱུག་གྲོང་དར་གྱི་ཐོན་ལས་འཕེལ་རྒྱས་ཏན་ཏིག་གཏོང་བ་བཅས་བྱས་ཐོག མི་དམངས་མང་ཚོགས་ཉིན་རེ་ལས་མ་འདས་པར་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བར་བྱེད་དགོས”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།