དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོའི་དུས་མཇུག་ཏུ་དངུལ་རྩའི་ལས་རིགས་སྒྲིག་གཞིའི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་556.34ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-26

    གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་སྒྲིག་གཞིའི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་556.34ཟིན་པ་དེ་དུས་མཚུངས་ལས་8.8%འཕར་བའི་ནང་དངུལ་ཁང་ལས་རིགས་སྒྲིག་གཞིའི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་494.72ཟིན་པ་དེ་དུས་མཚུངས་ལས་8.0%འཕར་བ་དང་། འཛིན་ལོར་ལས་རིགས་སྒྲིག་གཞིའི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་19.15ཟིན་པ་དེ་དུས་མཚུངས་ལས་25.4%འཕར་བ། འགན་བཅོལ་ལས་རིགས་སྒྲིག་གཞིའི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་42.47ཟིན་པ་དེ་དུས་མཚུངས་ལས་12.2%འཕར་བ་བཅས་རེད།

    དུས་མཚུངས་སུ་དངུལ་རྩའི་ལས་རིགས་སྒྲིག་གཞིའི་བུ་ལོན་སྒོར་དུང་ཕྱུར་ཁྲི་509.53ཟིན་པ་དེ་དུས་མཚུངས་ལས་9.0%འཕར་བའི་ནང་དངུལ་ཁང་ལས་རིགས་སྒྲིག་གཞིའི་བུ་ལོན་སྒོར་དུང་ཕྱུར་ཁྲི་455.69ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ་དང་། འཛིན་ལོར་ལས་རིགས་སྒྲིག་གཞིའི་བུ་ལོན་སྒོར་དུང་ཕྱུར་ཁྲི་15.14ཟིན་པ་དེ་དུས་མཚུངས་ལས་30.9%འཕར་བ། འགན་བཅོལ་ལས་རིགས་སྒྲིག་གཞིའི་བུ་ལོན་སྒོར་དུང་ཕྱུར་ཁྲི་38.69ཟིན་པ་དེ་དུས་མཚུངས་ལས་12.7%འཕར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།