ལྔ་པའི་ཚེས་ལྔའི་གུང་གསེང་རིང་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་8258.8སྐྱེལ་འདྲེན་བྱས་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་18ཉིན་ནས་ཚེས་22ཉིན་བར་གྱི་ལྔ་པའི་ཚེས་ལྔའི་གུང་གསེང་གི་སྐྱེལ་འདྲེན་དུས་ཚོད་རིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་8258.8སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་4.9%འཕར་བ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་སྐྱེལ་འདྲེན་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་བྱུང་བ་རེད།
ལྔ་པའི་ཚེས་ལྔའི་གུང་གསེང་གི་སྐྱེལ་འདྲེན་རིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་འགྲུལ་པ་མང་དུས་ཀྱི་མེ་འཁོར་འཁོར་སྐྱོད་འཆར་གཞི་ལག་ལེན་བསྟར་ནས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཐེངས་12659བཏང་བ་དང་། འགྲུལ་པ་མང་ས་དང་ས་ཁུལ་དབར་དུས་ཐོག་ཏུ་མེ་འཁོར་མང་དུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཁོངས་སྒྲོལ་མཚན་སྐྱོད་མྱུར་བགྲོད་མེ་འཁོར་ཐེངས་520མང་དུ་བཏང་ཡོད་པ་རེད།
དོ་ཁུར་བྱེད་འོས་པ་ཞིག་ལ། ད་ལོའི་ལྔ་པའི་ཚེས་ལྔའི་གུང་གསེང་རིང་། ལྕགས་ལམ་ཡུལ་སྐོར་གྱི་མཉམ་འདྲེས་ཕན་འབྲས་མངོན་གསལ་དོད་པོ་ཡོད། “སྐར་འོད·གཡན་ཀྲའོ་རྟགས་ཅན”དང་། “ཀྲུང་ཡོན་ལྕགས་ལམ·གཙང་ཆེན་ལྷོ་རྒྱུད་རྟགས་ཅན”“དོམ་ཁྲའི་ཆེད་གཏོང་མེ་འཁོར·ཁྲེང་ཏུའུ་རྟགས་ཅན”“ཤར་ཕྱོགས་གསར་པའི་མྱུར་བགྲོད་མེ་འཁོར”“ཆིན་ལིང་རྟགས་ཅན”“རབ་མཛེས་ཧྲང་རའོ”སོགས་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མེ་འཁོར་ཐེངས་49བཏང་ནས་དགུང་གསེང་རིང་གི་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།