ཏ་ཐེང་ཞ་ཆུ་བེད་ལྟེ་བའི་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ།

འདི་ནི་ཏ་ཐེང་ཞ་ཆུ་བེད་ལྟེ་བའི་ལས་གྲྭ་ཡིན་པ།
ཉེ་ཆར། ཏ་ཐེང་ཞ་ཆུ་བེད་ལྟེ་བའི་ལས་གྲྭ་དེ་ཉིད་ཆུ་བེད་པུས་གཙོ་སྐྱོང་བྱས་པའི་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ་དེ་ཐོག་ནས་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ཚང་མ་ལེགས་གྲུབ་ཟིན་པ་དང་ཕྱོགས་ཡོངས་ནས་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད། ཏ་ཐེང་ཞ་ཆུ་བེད་ཀྱི་ལྟེ་བ་ནི་རྒྱལ་ཁབ་ཆུ་དྲའི་མདུད་ཚེག་ལས་གྲྭ་གལ་ཆེན་ཞིག་ཡིན་ཞིང་། འབྲུབ་འགོག་དང་། ཆུ་ཐོག་སྐྱེལ་འདྲེན། གློག་གཏོང་། ཆུ་གསབ་ཚྭ་སྣོན། ཞིང་ཆུ་འདྲེན་པ་སོཌ་ཀྱི་ཕྱོགས་བསྡུས་ཕན་འབྲས་གཞི་གཅིག་ཏུ་འདུས་ཡོད། ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་357.36བཏང་ཞིང་། སྤྱིའི་ལས་ཡུན་ལོ་9ཡིན་པ་དང་། སྤྱིའི་ཆུ་མཛོད་ལ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་34.79ཟིན་པ་མ་ཟད། འབྲུབ་འགོག་ཆུ་མཛོད་ལ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་15ཟིན་པ་དང་། རྒྱུན་གཏན་གྱི་ཆུ་གསོག་ཚད་སྨི་61ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།