གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།
བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་སྤེལ་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ“དངོས་སྒྲུབ་ལ་བརྟེན་ནས་རྣམ་པ་གསར་པ་གཏོད། ‘ལོ་ལྔ་ཚན་བཅོ་ལྔ་པར’འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་2026ལོའི་གྲོང་ཚོའི(སྡེ་ཁུལ)བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་དང་འགྲེམས་སྟོན་བྱེད་སྒོ་སྤེལ་ཞིང་། བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཚོ(སྡེ་ཁུལ)ཁག་ནས་ཡོང་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་བུད་མེད་མང་ཚོགས་ཁྱོན་30ལྷག་ཙམ་ཞུགས་ཡོད།
བྱེད་སྒོའི་ཐོག་གཏམ་བཤད་དང་འགྲེམས་སྟོན་གྱི་ལྷུ་ཚིགས་གཉིས་བཀོད་སྒྲིག་བྱས་ཤིང་། གཏམ་བཤད་འགྲན་བསྡུར་གྱི་ལྷུ་ཚིགས་སུ་བདམས་ཐོན་པས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རང་ངོས་ཀྱི་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་མྱོང་བ་དང་། བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཏམ་རྒྱུད་དངོས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་མི་སེམས་འགུལ་བའི་བྱས་རྗེས། དེ་བཞིན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་མྱོང་ཚོར་བཅས་དང་ཟུང་འབྲེལ་བྱས་ནས་འགོ་ནས་མཇུག་བར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་བརྗོད་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་འགྲེམས་སྟོན་གྱང་བཙུགས་ནས་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་བྲིས་པའི་ཡིག་རིགས་བརྩམས་ཆོས་སྟོན་ནས་ཁོང་ཚོའི་ཡིག་གཟུགས་འབྲི་རྩལ་མངོན་པར་བྱས་ཡོད། འགྲེམས་ཞུགས་བདམས་ཐོན་པས་བྱེད་སྒོ་སྤེལ་ནས་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པར་སྤེལ་རེས་འགྲེམས་སྟོན་དང་རང་ངོས་མཐོར་འདེགས་ཀྱི་ལས་སྟེགས་བསྐྲུན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བཀོལ་སྤྱོད་རྨང་གཞི་བརྟན་དུ་བཏང་བ་མ་ཟད། བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་ཕྱོགས་གསར་པའང་བྱུང་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
འབྲེལ་ཡོད་གསར་འགྱུར།