བོད་ཀྱིས་ཐཱན་ཆ་བཅད་ཉོ་སྒྲུབ་ཀྱི་ཆེད་དོན་དངུལ་བུན་ཐོག་མ་སྤྲད་པ།
གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ཀྲུང་གོ་ཀོང་ཏཱ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་ལ་མཛུབ་ཁྲིད་བྱས་ཏེ། བོད་ལྗོངས་གསར་སྤེལ་མ་འཇོག་ཧའེ་ཐུང་ཨར་འདམ་ཚད་ཡོད་ཀུང་སིར་ལྗོངས་ཡོངས་ཀྱི་ཐཱན་ཆ་བཅད་ཉོ་སྒྲུབ་ཀྱི་ཆེད་དོན་དངུལ་བུན་ཐོག་མ་སྤྲད་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན། ཨར་འདམ་ལས་རིགས་ནི་བོད་ཀྱི་ཐཱན་འབུད་གཏོང་གི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན་པས། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་བཙན་ཤེད་བཙོག་འབུད་ཉུང་གཏོང་གི་དོ་དམ་ཁྱབ་ཁོངས་ནང་བཅུག་པ་དང་། ཐཱན་ཉུང་ཕྱོགས་སྒྱུར་གྱི་ལས་འགན་ལྕི་བ་དང་ཐཱན་ཁ་ཆད་ལག་བསྟར་གྱི་གནོན་ཤུགས་མངོན་གསལ་དོད་པོ་ཡོད་པ་རེད།
ཀྲུང་གོ་ཀོང་ཏཱ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ལྗོངས་ནང་ཁུལ་གྱི་ཨར་འདམ་ཁེ་ལས་མང་པོ་དང་མཉམ་ལས་བརྟན་པོ་ཡུན་རིང་རྒྱུན་འཁྱོངས་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་དངུལ་རྩའི་འགན་ལེན་བརྟན་པོ་རྒྱུན་མཐུད་ངང་མཁོ་འདོན་བྱས་ཡོད། མིག་སྔར། ཁེ་ལས་ཀྱིས་འདུ་འགོད་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ནས་ཐོན་ནུས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས། ལོ་འཁོར་གྱི་ཐཱན་གྱི་ཆ་བཅད་གཙང་སྤྲོད་ཐད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཕྲད་ཡོད། དེར་བརྟེན། ཀྲུང་གོ་ཀོང་ཏཱ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ཁེ་ལས་ཀྱི་ཐཱན་ཁ་ཆད་ལག་བསྟར་མ་དངུལ་མི་འདང་བར་གཞིགས་ནས། བོད་ལྗོངས་གསར་སྤེལ་མ་འཇོག་ཧའེ་ཐུང་ཨར་འདམ་ཚད་ཡོད་ཀུང་སིར་ཐཱན་ཆ་བཅད་ཉོ་སྒྲུབ་ཀྱི་དངུལ་བུན་སྒོར་ཁྲི་500བཏང་སྟེ། ཁེ་ལས་ལ་ཐཱན་ཆ་བཅད་ཉོ་བར་ཆེད་དོན་རྒྱབ་སྐྱོར་བྱས་པས། སྲོལ་རྒྱུན་གྱི་ཐཱན་མཐོ་ཁེ་ལས་ཀྱི་ཐཱན་ཉུང་ཕྱོགས་སྒྱུར་ཁྲོད་ཀྱི་ཐཱན་ཁ་ཆད་ལག་བསྟར་མ་དངུལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པ་དང་། དངུལ་རྩའི་མཐུན་རྐྱེན་གྱིས་ཁེ་ལས་ཀྱི་ལྗང་མདོག་རིམ་སྤོར་ལ་རམ་འདེགས་ཧུར་ཐག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།