ལྷ་སའི་ནུབ་གྲོང་གི་ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་ཟླ་10པར་སྤྱོད་འགོ་ཚུགས་རྒྱུ་ཡིན་པ།
ལྷ་སའི་གློག་དྲའི་དྲ་སྒྲོམ་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ནུབ་རྒྱུད་ཁུལ་ཁོངས་ཀྱི་གློག་མཁོ་འདོན་གྱི་ཞན་ཆ་གསབ་པ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱ་ཆེད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་ལོ་འཁོར་གྱི་འཛུགས་སྐྲུན་དམིགས་ཚད་གཏན་འཁེལ་བྱས་ཏེ“གོམ་པ་སྤོ་འགོ་ཚུགས་པ་ནི་མཐའ་མའི་གདོང་མཆོང་དང་འགོ་འཛུགས་ནི་ཐག་གཅོད་དམག་འཐབ་ཡིན”པའི་ངར་ཤུགས་ཀྱི་ཐོག་ནས་ལྷ་སའི་ནུབ་གྲོང་གི་ཆན་ཧྥུའུ་220ཡིན་པའི་གློག་སྒྱུར་ས་ཚིགས་ཀྱི་ལས་གྲྭ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལོ་གསར་པར་ལྷ་སའི་གློག་དྲ་འཛུགས་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད་པ་རེད།
ལོ་འཁོར་མོའི་གློག་དྲའི་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་ཡོང་བ་དང་ད་ལོའི་ཟླ་10པའི་རྣམ་གྲངས་བདེ་འཇགས་དང་། སྤུས་ལེགས། དུས་བཀག་ལྟར་སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་སྔ་ཙམ་ཇུས་འགོད་དང་སྔ་ཙམ་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་འཐབ་ས་དང་པོར་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱོན་ཡོངས་ནས་ཕྱོགས་ཁག་གི་འཛུགས་སྐྲུན་འགན་འཁྲི་ནན་དུ་བཏང་ཡོད།
རྣམ་གྲངས་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ཁུལ་ཁོངས་གློག་དྲའི་གྲུབ་ཆའི་རང་བཞིན་གྱི་དཀའ་གནད་རྩ་བའི་ཆ་ནས་བསལ་ཏེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆན་ཧྥུའུ་220ཡིན་པའི་གློག་དྲའི་ཤོང་ཚད་ཀྱི་བསྡུར་ཚད་2.0ཡན་བར་མཐོ་རུ་ཕྱིན་ནས་ཁུལ་ཁོངས་གློག་དྲའི་གྲུབ་ཆ་བཟང་སྒྲིག་རིམ་སྤོར་དང་། གློག་མཁོ་འདོན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གློག་མཁོ་འདོན་གྱི་བློས་འགེལ་རང་བཞིན་ཆེས་ཆེར་འཕར་རྒྱུ་བཅསརེད།
འབྲེལ་ཡོད་གསར་འགྱུར།