དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

    ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་སྡེ་ཚན་ནས་ཤེས་རྟོཌ་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ས་གནས་དེ་གའི་འཐུང་ཆུའི་ཐོན་ཁུངས་ཀྱི་ཡུལ་དུས་བར་མཐོངས་ཁྱབ་ཚུལ་གྱི་ཁྱད་ཆོས་དང་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་བེད་སྤྱོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ཞན་ཆ་དང་ལྷག་པར་དུ་ས་བབ་མཐོ་བའི་ས་ཁུལ་གྱི་གྲོང་གསེབ་ཀྱི་མི་ཕྱུགས་ཀྱི་འཐུང་ཆུའི་དཀའ་གནད་ལ་དམིགས་ཏེ། མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། འཁོར་སྐྱོད་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། གྲོང་གསེབ་ཏུ་དྭངས་གཙང་བློ་བདེའི་ཆུ་སྤྱོད་ཐུབ་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་5ཡི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་2.58བཏང་ནས། གྲོང་གསེབ་ཀྱི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ལས་དོན་དེ་འཐུང་ཆུའི་དཀའ་ངལ་སེལ་བ་དང་འཐུང་ཆུའི་བདེ་འཇགས་ནས་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་བར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ནུས་ལྡན་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭར་རྫོང་ཁོངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་འདོམས་བྱ་རྒྱུ་དོན་འཁྱོལ་བཅས་བྱས་ཏེ་འཐུང་ཆུའི་བདེ་འཇགས་དོ་དམ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།