ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཉིན་གླ་རྒྱུག་མཁན་གྱི་ལས་མིའི་ལས་ཀ་འཚོལ་བའི་ལས་སྟེགས་སྤུས་རྟགས་སྤྱོད་འགོ་ཚུགས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“གངས་ལྗོངས་ཉིན་གླ་རྒྱུག་མཁན་བསྡུ་བའི”ལས་མིའི་ལས་ཀ་འཚོལ་བའི་སྤུས་རྟགས་ཁྲོམ་རའི་མ་ལག་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་ཉིན་གླའི་ས་ཚིགས་སུ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། མ་ལག་དེ་སྤྱད་རྗེས་ཉིན་གླ་རྒྱུག་མཁན་ཚོགས་སྤྱི་དང་ལས་མི་སྤྱོད་མཁན་ཁེ་ལས་ལ་ཚད་ལྡན་ཅན་གྱི་མཁོ་སྤྲོད་སྦྲེལ་ཟམ་བསྐྲུན་ནས། ས་གནས་ཀྱི་བབ་བསྟུན་ལས་ཞུགས་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད།
འགོ་ཚུགས་མཛད་སྒོར་དྲིལ་བསྒྲགས་པར་གཞི་སྟོན་པ་དང་། བྱ་རིམ་ཆུང་ངུ་སློབ་པ། ལས་དོན་སྙན་སེང་ཞུ་བ། གྲོས་མཐུན་འཇོག་པ་སོགས་ཀྱི་ལྷུ་ཚིགས་ལ་བརྟེན་ནས“གངས་ལྗོངས་ཉིན་གླ་རྒྱུག་མཁན་བསྡུ་བའི”མ་ལག་བསྐྲུན་པའི་ཕན་འབྲས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་། ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། ཁེ་ལས་དང་། ཉིན་གླ་རྒྱུག་མཁན་གྱི་འཐུས་མིས་མཉམ་དུ་མ་ལག་གི་ཁེབས་རས་ཕྱེ་ཞིང་། དེ་ལས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཉིན་གླ་རྒྱུག་མཁན་ལ་ཞབས་འདེགས་ཞུ་རྒྱུ་ཚད་ལྡན་ཅན་དང་གྲངས་གཞི་ཅན་གྱི་དུས་མཚམས་གསར་པར་སླེབས་ནས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”མཉམ་འགུལ་ཐུབ་སྟེ། ཉིན་གླ་རྒྱུག་མཁན་གྱི་ལས་ཞུགས་ཁོར་ཡུག་བསྐྱར་དུ་བསྐྲུན་ཐུབ་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།