རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཝུན་ཀེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ལས་དོན་ཨུ་ལྷན་ཁག་བཅས་ཀྱི་འགན་འཁུར་བས་གྲོས་འགོ་སྒྲུབ་གཉེར་དང་གཙོ་གནད་ལྟ་སྐུལ་སྒྲུབ་གཉེར་གྱི་གྲོས་འགོའི་ལས་དོན་སྤེལ་ཚུལ་སྐོར་སྙན་སེང་ཞུས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒྲུབ་གཉེར་ཚན་པ་ཁག་གིས་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་ཡག་པོ་སྒྲུབ་པའི་འགན་སེམས་སྔར་བས་ཆེ་རུ་བཏང་ནས། གཏན་འབེབས་ཀྱི་དུས་ཚོད་ནང་བསྒྲུབས་ཚར་བ་དང་ལན་ཡག་པོ་བསློགས་ཐུབ་པའི་འགན་ལེན་བྱེད་དགོས། ལས་དོན་སྒྲུབ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོས་འགོ་སྒྲུབ་གཉེར་ལས་དོན་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས། གནད་དོན་ལ་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། གནད་དོན་ཐག་གཅོད་ལ་དམིགས་ནས་ལས་དོན་སྒྲུབ་པར་ལྟ་སྐུལ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ལས་དོན་སྒྲུབ་རིང་མཉམ་ཤུགས་ཏན་ཏིག་ཆགས་པར་བྱེད་དགོས། གདེང་འཇོག་ལམ་སྲོལ་དོན་འཁྱོལ་ལ་མཉམ་དུ་སྐུལ་འདེད་དང་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་སྣོན་བརྒྱབ་ནས། འཐུས་མི་བློ་ཡིད་ཚིམ་པ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།