ལྷོ་ཁའི“སེ་འབྲུ་བུམ་པའི”རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་གསུམ་པ་འགོ་ཚུགས་པ།
ལྷོ་ཁའི“སེ་འབྲུ་བུམ་པའི”རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་གསུམ་པ་ཟླ་6ཚེས་20ཉིན་ནས་ཟླ་7ཚེས་5ཉིན་བར་ལྷོ་ཁ་གྲོང་ཁྱེར་དུ་གཉེར་དང་གཉེར་མུས་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་འགྲན་བསྡུར་ལ་ཞུགས་མཁན་འཐུས་མི་རུ་ཁག་19ཡོད་པའི་ཁྲོད། བོད་ལྗོངས་ནང་ཁུལ་གྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་རང་སའི་མཐོ་སློབ་ཀྱི་རུ་ཁག་སྟོབས་ཆེན་དང་ཞིང་ཆེན་མང་པོ་ནས་ཆེད་མངགས་གདན་དྲངས་པའི་ཕུལ་བྱུང་གི་རུ་ཁག་ཚུད་པ་མ་ཟད། དེ་བས་ཀྱང་ནེ་པ་ལའི་འཐུས་མི་རུ་ཁག་འགྲན་བསྡུར་ལ་ཐེངས་དང་པོ་གདན་དྲངས་ནས། རྒྱལ་སྒྲོལ་རིག་གནས་དང་ལུས་རྩལ་སྤེལ་རེས་ཀྱི་རྣམ་པ་གསར་པ་བཏོད་དེ། ས་མཐོའི་འགྲན་ར་དེ་ཉིད་ཞིང་ཆེན་དང་། རྒྱལ་ཁབ། མི་རིགས་བཅས་ལས་བསྒྲལ་ནས། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཞི་རྟེན་གསར་རྐྱང་ཞིག་ཏུ་བསྒྱུར་ཡོད་པས། འགྲན་བསྡུར་འཁྲུག་ཆ་དོད་དུ་སོང་ཡོད་ལ་ཆེད་ལས་རྩལ་འགྲན་གྱི་ཆུ་ཚད་ཀྱང་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།