མཛེས་པའི་བོད་ལྗོངས།

དབྱར་དུས་སུ་གནམ་མཚོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ལོ་གཅིག་ནང་གི་ཡུལ་སྐོར་བ་མང་ཤོས་ཀྱི་ནམ་དུས་ཤར་ཞིང་། དྭངས་ཤིང་གསལ་བའི་རླབས་སྔོན་ཡམ་ཡོམ་ངང་མཁའ་ལ་འཕྱོ་དུས་དབྱར་དུས་ཀྱི་དྲོད་འཇམ་ཉི་འོད་འོག་འོད་མདངས་གསལ་བའི་ཆུ་རིས་ཤིག་ཤིག་མངོན་པ་དང་། སྔོ་ཞིང་དྭངས་བའི་མཚོ་ངོས་དང་དགུང་སྔོན་གཡའ་དག་ཕན་ཚུན་གཅིག་ལ་གཅིག་རྒྱན་བཞིན་གནས་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པ་རེད། འདི་ནི་གནམ་མཚོའི་མཛེས་ལྗོངས་ཡིན་པ།
འབྲེལ་ཡོད་གསར་འགྱུར།