རྒྱུན་སྲིང་ལྷོད་མེད་ངང་ཆུ་སྐྱོན་མ་ཡོང་བའི་འབད་བརྩོན་བྱས་པ།

འདི་ནི་ཉིང་ཁྲིའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་བྲག་ཡིབ་རུ་ཆེན་གྱི་རུ་མིས་ཆུའི་ནང་འཛུལ་ནས་འཚོལ་སྐྱོབ་བྱེད་སྟངས་སྦྱོང་བརྡར་བྱེད་བཞིན་པ།

འདི་ནི་ཉིང་ཁྲིའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་རྫ་ཡུལ་རུ་ཆེན་གྱི་ཁོངས་མིས་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་ཉིང་ཁྲིའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་རྫ་ཡུལ་རུ་ཆེན་གྱི་ཁོངས་མིས་ས་གནས་དེ་གའི་གཙང་པོ་དང་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་འབྲུབ་དུས་སུ་སླེབས་ཏེ། དྲག་ཆར་བབས་པ་དང་། རི་ཉིལ་བ། ཆུ་རུད་ཐོན་པ་སོགས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཉིང་ཁྲི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་ནགས་ཚལ་མེ་ཟོན་མེ་གསོད་ནས་ཞོད་ཟོན་ཐན་འགོག་གི་ལྟེ་བའི་ལས་འགན་ལ་བསྒྱུར་པས། འཕྲལ་སྡོམ་དམག་གྲབས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་ཕྱིན་ཡོད། ཉིང་ལག་རུ་ཁག་གིས་སྦྱོང་བརྡར་གྱི་གཙོ་གནད་མགྱོགས་མྱུར་ལེགས་སྒྲིག་བྱས་ཏེ་ཆུ་ཁོངས་རོགས་སྐྱོབ་དང་། ཆུ་ལོག་གནོད་འཚེ་ཐག་གཅོད། གྲོང་ཁྱེར་གྱི་འཁྱིལ་ཆུ་གཤོང་བ་སོགས་འབྲུབ་དུས་ཀྱི་ལྟེ་བའི་ནང་དོན་ལ་བསྒྱུར་ནས་དངོས་འཐབ་ནང་སྦྱོང་དང་འཐེན་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་རྒྱུན་རྣམ་ཅན་གྱི་སྒོ་ནས་འབྲུབ་དུས་ཀྱི་གནོད་འཚེའི་གནས་ཚུལ་གྲོས་བསྡུར་དང་དཔུང་ཁག་གི་ཕྱོགས་བསྡུས་འཕྲལ་སྡོམ་ཐག་གཅོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་འགག་རྩའི་དུས་སུ་དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།