མཚོ་སྔོན་གྱིས་བདེ་ཐང་སློབ་གསོའི་ནུས་པ་དང་བདེ་ཐང་གི་བྱང་ཚད་མཐོར་གཏོང་གི་ལོ་ལྔའི་བྱ་སྤྱོད་སྤེལ་འགོ་ཚུཌ་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་22ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ནས་གནས་ཚུལ་སྤེལ་གསལ། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས《བདེ་ཐང་སློབ་གསོའི་ནུས་པ་དང་བདེ་ཐང་གི་བྱང་ཚད་མཐོར་གཏོང་གི་བྱ་སྤྱོད་འཆར་གཞི(2026ལོ་ནས་2030ལོའི་བར)》(གཤམ་དུ《བྱ་སྤྱོད་འཆར་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། ཞིང་ཆེན་ཡོངས་ཀྱི་བདེ་ཐང་སློབ་གསོ་དང་བདེ་ཐང་གི་བྱང་ཚད་མཐོ་རུ་གཏོང་བའི་ལས་དོན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་དམིགས་ཚད་གཙོ་བོ་དང་། ལས་འགན་གཙོ་བོ། ལས་ཀའི་བླང་བྱ་བཅས་ཁ་གསལ་བཟོས་པ་དང་། 2030ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་གྲོང་མིའི་བདེ་ཐང་གི་བྱང་ཚད་35%ཡན་ཟིན་པ་བྱེད་དགོས་ཞེས་བཏོན་ཡོད།
《བྱ་སྤྱོད་འཆར་གཞིའི》ནང་གཙོ་གནད་བྱ་སྤྱོད་ཁག་10ཡི་ཞིབ་ཕྲའི་བྱ་ཐབས་ཁག་28བཏོན་པའི་ནང་། བདེ་ཐང་ཤེས་བྱ་ཁྱབ་གདལ་སྐོར་གྱི་བརྩམས་ཆོས་ཀྱི་སྤུས་སྤོར་རྒྱ་སྐྱེད་བྱ་སྤྱོད་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ་སྐོར་གྱི་བརྩམས་ཆོས་སྤུས་ལེགས་ཕུན་སུམ་ཚོགས་སུ་གཏོང་བ། བདེ་ཐང་ཤེས་བྱ་ཁྱབ་གདལ་སྐོར་གྱི་ཁྱད་ལྡན་སྤུས་རྟགས་གཏོད་པ་བཅས་ཚུད་ཡོད། བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་འཐབ་ས་ཕུན་སུམ་ཚོགས་སུ་བཏང་ནས་བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་འཐབ་ས་བཏོད་དེ་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་སྟོབས་ཤུགས་ཆེ་རུ་གཏོང་དགོས། སྨན་བཅོས་སྒྲིག་གཞིའི་བདེ་ཐང་སློབ་གསོའི་འཐབ་ས་གཙོ་བོ་འཛུགས་སྐྱོང་བྱ་སྤྱོད་ཀྱིས་སྨན་བཅོས་སྒྲིག་གཞིའི་བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་འགན་ནུས་ལེགས་སུ་བཏང་སྟེ་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་མཁན་གསོ་སྐྱོང་བྱེད་དགོས། བདེ་ཐང་སློབ་གསོའི་ཤེས་ལྡན་པའི་དཔུང་ཁག་ལེགས་སྐྱོང་བྱ་སྤྱོད་ཀྱིས་བདེ་ཐང་ཤེས་བྱ་ཁྱབ་གདལ་རིགས་གཅིག་མཁས་ཅན་གྱི་དཔུང་ཁག་སྟོབས་ཆེར་བཏང་སྟེ་ཞིང་ཆེན་རིམ་པའི་བདེ་ཐང་སློབ་གསོའི་ཆེད་ལས་སྒྲིག་གཞིའི་ནུས་པ་ཆེ་རུ་གཏོང་དགོས། བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་གནད་སྨིན་སྐུལ་སྤེལ་བྱ་སྤྱོད་ཀྱིས་མི་ཚོགས་མི་འདྲ་བར་དམིགས་ཏེ་རིམ་པ་དབྱེ་ནས་ཚན་རིག་ཁྱབ་གདལ་རབ་དང་རིམ་པ་གཏོང་དགོས།
གཞི་རིམ་དུ་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱ་སྤྱོད་ཀྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དགོས་མཁོར་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་དོན་སྙིང་ཟབ་ཏུ་གཏོང་དགོས། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བར་གྲངས་འཛིན་ཅན་གྱིས་མཐུན་རྐྱེན་སྦྱོར་བའི་བྱ་སྤྱོད་ཀྱིས་གྲངས་འཛིན་ཤེས་བྱ་ཁྱབ་གདལ་ཕྱོགས་བསྡུས་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་དུ་གྲངས་འཛིན་ཤེས་བྱ་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་དགོས། བདེ་ཐང་གི་བྱང་ཚད་ལ་ལྟ་ཞིབ་ཚད་ལེན་བྱ་སྤྱོད་ཀྱིས་གྲོང་མིའི་བདེ་ཐང་གི་བྱང་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་བ་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་ཞིབ་ཚད་ལེན་གྱི་སྤུས་ཕན་ཆེ་རུ་གཏོང་དགོས། བདེ་ཐང་ཤེས་བྱ་ཁྱབ་གདལ་དང་མཐུན་སྦྱོར་མཉམ་སྐྲུན་བྱ་སྤྱོད་ཀྱིས་ཕྱོགས་མང་མཉམ་འགུལ་གྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས། བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་སྤུས་ཚད་དང་ཡིད་རྟོན་འཛུགས་སྐྱོང་བྱ་སྤྱོད་ཀྱིས་ཤེས་བྱ་ཁྱབ་གདལ་གྱི་སྤུས་ཚད་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་ཐང་ཤེས་བྱ་ཁྱབ་གདལ་གྱི་ཁོར་ཡུག་གཙང་མ་གཏོད་དགོས་པ་བཅས་བཏོན་ཡོད།
《བྱ་སྤྱོད་འཆར་གཞིའི》ནང་། ས་གནས་ཁག་དང་ཚན་པ་ཁག་གིས་བདེ་ཐང་སློབ་གསོ་དེ་ཉིད་ལོ་འཁོར་གྱི་ལས་ཀའི་འཆར་གཞིའི་ནང་བཅུག་ནས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཏེ་བདེ་ཐང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་བཙལ་ནས་དྲིལ་བསྒྲགས་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་པ་བཟང་པོ་གཏོད་དགོས་ཞེས་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།